54372
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མཚོ་མཇུག་སྤྲུལ་སྐུ་བསོད་ནམས་ཚུལ་ཁྲིམས་མཆོག་ནི། ཀུན་མཁྱེན་པདྨ་དཀར་པོའི་དངོས་སློབ་ཡིན། འཁྲུངས་ཡུལ་ཁམས། (ཀུན་མཁྱེན་ཆེན་པོའི་འཁྲུངས་ལོ་རབ་བྱུང་དགུ་པའི་མེ་ཕག་ ༡༥༢༧ ལོར་འཁྲུངས། )སྔོན་གནས་རྗེས་སུ་དྲན་ཏེ་ཀོང་པོར་ཕེབས། སྔར་གྱི་གྲྭ་རིགས་ཡོན་བདག་དང་བཅས་པས་ཞབས་ནས་བཏེགས། ཀུན་མཁྱེན་རྒྱལ་བའི་དབང་པོ་དཔལ་རི་རྡོར་གདན་དུ་བཞུགས་སྐབས་ཞབས་ཕྱིར་འབྱོར། དབང་ཁྲིད་གདམས་པ་མཐའ་དག་གསན། སྔོ་འོད་ལྡན་གྱི་བཅུད་ལེན་ལོ་གསུམ་མཛད། ལྕགས་ལ་མདུད་པ་བརྒྱབ། བླ་མ་འདས་ལོག་པ་ཞེས་གྲུབ་ཐོབ་ཏུ་གྲགས། ཕྲིན་ལས་བསམ་གྱིས་མི་ཁྱབ་པས། རྡོར་འཛིན་སྤང་མོར་རྗེ་བླ་མའི་གསེར་སྐུ་ཐོག་ཚད་བཞེངས། མཚོ་མཇུག་དང༌། རྨིག་རྡོ་བྱང་ཆུབ་བསམ་གཏན་གླིང་དུ་སྒྲུབ་སྡེ་བཙུགས། དཀར་བརྒྱུད་ཆོས་སྡིངས་སུ་གཙུག་ལག་ཁང༌། དྭགས་པོ་རིན་པོ་ཆེའི་གསེར་སྐུ་སོགས་རྟེན་བཞེངས་མང་དུ་མཛད། སྔགས་གྲྭ་བཙུགས་ཏེ། ཆོས་རྗེ་ཐུགས་རྗེ་གྲགས་པ་སློབ་དཔོན་དུ་དགོས་ཞུས་ནས་བསྐོས། ཁོང་ནི་སྔགས་ལ་སྐུ་ཡོན་ཆེ། སྒྲ་ཀ་ལཱ་པ་དང༌། སྐར་རྩིས་སོགས་རིག་གནས་མང་དུ་མཁྱེན། དབང་རྒྱུད་མན་ངག་དང་བཅས་པ་ཀུན་མཁྱེན་ཉིད་ལས་གསན། དེར་འཆད་ཉན་སྨར། མཚོ་མཇུག་རིན་པོ་ཆེ་སྐུ་ཚེ་མཐར་མ་ཕྱིན་པར། དགོན་མ་ལག་གྲྭ་ཚང་བཅས་པ་སློབ་དཔོན་པས་བསྐྱངས་སོ། ། |