54401
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མིའི་གཡས་ཀྱི་རྣ་རྩེ་ནས་གཡོན་གྱི་རྣ་རྩེ་ལ་སྐུད་པ་ཞིག་འཐེན། དེ་ནས་མིག་གཉིས་ཀྱི་བར་ནས་ལྟག་ཁུང་ལ་སྐུད་པ་ཞིག་འཐེན་ཚེ། སྐུད་པ་གཉིས་བསྣོལ་ས་དེ་ནི་གསོ་རིག་ཏུ་བཤད་པའི་སྤྱི་གཙུག་ཡིན། སྤྱི་གཙུག་ནས་མདུན་ཕྱོགས་སུ་སོར་བཞི་བཅལ་བའི་གནས་ལ། གསོ་རིག་ཏུ་མཚོག་མ་ཟེར། སྤྱིར་བཏང་མགོའི་ཀླད་ཕྱོགས་ལ་སྤྱི་གཙུག་ཟེར་ཞིང་། མགོའི་ཀླད་ཀྱི་མདུན་ཕྱོགས་ལ་མཚོག་མ་ཟེར། མཚོགས་མ་དང་མཚོག་ཀ་ཞེས་འབྲི་བའང་ཡོད། |
| Domain | གསོ་རིག |