54412

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚོན་ཆ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། ༡ སེར་སྣའི་སྐྱོན་རབ་ཏུ་གཞོམ་པའི་ཕྱིར། གཏོང་བའི་མཚོན་ཆ། ༢ ཚུལ་ཁྲིམས་ངན་པ་ཐམས་ཅད་བསལ་བའི་ཕྱིར། ཚུལ་ཁྲིམས་ཀྱི་མཚོན་ཆ། ༣ རྣམ་པར་རྟོག་པ་ཐམས་ཅད་བསལ་བའི་ཕྱིར། ཆོས་མཉམ་པ་ཉིད་ཀྱི་མཚོན་ཆ། ༤ འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པ་ཡོངས་སུ་གཅད་པའི་ཕྱིར། ཤེས་རབ་དང་། ཡེ་ཤེས་ཀྱི་མཚོན་ཆ། ༥ འཚོ་བ་ཐམས་ཅད་ལ་ཁ་ན་མ་ཐོ་བ་མེད་པར་བྱ་བའི་ཕྱིར། ཡང་དག་པའི་འཚོ་བའི་མཚོན་ཆ། ༦ སྒོ་ཐམས་ཅད་ཡོངས་སུ་བསྟན་པའི་ཕྱིར། ཐབས་མཁས་པའི་མཚོན་ཆ། ༧ ཉོན་མོངས་པའི་སྒོ་ནས་སེམས་ཅན་བཟློག་པའི་འདོད་ཆགས་དང་། ཞེ་སྡང་། གཏི་མུག་དང་། མདོར་བསྡུ་ན། ཉོན་མོངས་པ་ཐམས་ཅད་ཀྱི་མཚོན་ཆ། ༨ སྤྱོད་པ་རྒྱུན་མི་འཆད་པས་སེམས་ཅན་གྱི་ཁམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། འཁོར་བའི་མཚོན་ཆ། ༩ མངོན་པར་ཞེན་པ་ཐམས་ཅད་རབ་ཏུ་བསལ་བའི་ཕྱིར། ཆོས་ཚུལ་གཅིག་པ་བསྟན་པའི་མཚོན་ཆ། ༡༠ སྤྱོད་པའི་སྒོ་ལས་ཕྱིར་ཕྱོགས་སུ་མི་ལྟ་བའི་ཕྱིར། ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚོན་ཆའོ། །
Domain ཆོས་ལུགས།