54420

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚོན་དཔེའི་རྣམ་གྲངས་སོ་བཞི་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་མཚོན་པ་དཔེའི་རྩ་བ་བཤད་སྐབས། དཔེ་ནམ་མཁའ་མཐའ་དང་བྲལ་བ་བཞིན་དོན་ཆོས་ཉིད་ཀྱང་མཐའ་བྲལ་དུ་སྟོན་པའི་ཚེ་ནམ་མཁའི་ཁྱད་ཆོས་སོ་བཞི་གསུངས་པ་ནི། ནམ་མཁའ་ཞེས་བརྗོད་པ་ཐམས་ཅད་རང་བཞིན་སྟོང་པར་གཅིག་པ། ཆར་རྡུལ་ལ་སོགས་པས་མི་གོས་པ། ཆོས་ཅན་སྣ་ཚོགས་སྣང་བའི་གོ་འབྱེད་པ། སྐྱེ་བ་མེད་པ། འཇིག་པ་མེད་པ། དབྱིབས་བསྟན་དུ་མེད་པ། གཟུང་དུ་མེད་པ། འདུས་མ་བྱས་པ། གཟུང་བ་མེད་པ། དེ་ལྟར་འཛིན་པ་པོ་མེད་པ། མཐའ་ཐུག་པ་མེད་པ། དབུས་སུ་གཟུང་བ་མེད་པ། འཕེལ་བ་མེད་པ། འགྲིབ་པ་མེད་པ། འགྲོ་བ་མེད་པ། འོང་བ་མེད་པ། གཡོ་བ་མེད་པ། འགུལ་བ་མེད་པ། ཆགས་པ་མེད་པ། གནས་མེད་པ། འཇིག་པ་མེད་པ། སྟོང་པ་མེད་པ། འགྱུར་བ་མེད་པ། མ་ཁྱབ་པ་མེད་པ། མི་འབྱུང་མེད་པ། མ་ཆུབ་པ་མེད་པ། སྐྱོ་བ་མེད་པ། ནུབ་པ་མེད་པ། མཚན་ཉིད་མེད་པ། རྒྱུ་མེད་པ། རྐྱེན་མེད་པ། འབྲས་བུ་མེད་པ། རྩོལ་བ་མེད་པ། མངོན་པར་འདུ་བྱེད་པ་མེད་པ།
Domain ཆོས་ལུགས།