54427

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚོན་པ་དཔེའི་རྩ་བ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་ངེས་པའི་གསང་སྒོ་འབྱིན་པར་བྱེད་པའི་རྩ་བ་གསུམ་གྱི་ཡ་གྱལ་ཞིག་སྟེ། ནམ་མཁའི་དཔེ་ལ་བརྟེན་ནས་གསང་སྔགས་ཀྱི་དེ་ཁོ་ན་ཉིད་དོན་གསལ་བར་མཚོན་པར་བྱེད་པ་སྟེ། དེའང་ནམ་མཁའ་མཚོན་དཔེའི་རྣམ་གྲངས་སོ་བཞིའི་སྒོ་ནས་ནམ་མཁའ་མཐའ་དང་བྲལ་བ་བཞིན་ཆོས་ཉིད་བསྟན་པ། ནམ་མཁའི་རྣམ་གྲངས་ཀྱི་ཆོས་ལྔ་བཅུའི་སྒོ་ནས་ནམ་མཁའ་མི་འགྱུར་ཞིང་མ་བཅོས་པ་བཞིན་ཆོས་ཉིད་བསྟན་པ། ནམ་མཁའི་རྣམ་གྲངས་ཀྱི་ཆོས་བཅུ་གཉིས་སྒོ་ནས་ནམ་མཁའ་མ་བྱས་ལ་གཉེན་པོ་མེད་པ་བཞིན་ཆོས་ཉིད་བསྟན་པ། དཔེའི་སྒོ་ནས་དོན་མཐོང་ཚུལ་བཅས་བསྟན་པ་ཞིག་ཡིན།
Domain ཆོས་ལུགས།