54437

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚོན་བྱེད་དཔེའི་ཕྱག་ཆེན་ (1)
Part of speech མིང་ཚིག
Definition ངེད་ཀྱི་ཕྱག་རྒྱ་ཆེན་པོ་ནི། །དབང་ལས་བྱུང་བའི་ཡེ་ཤེས་དང། །རིམ་པ་གཉིས་ཀྱི་ཏིང་འཛིན་ལས། །བྱུང་བའི་རང་བྱུང་ཡེ་ཤེས་ཡིན། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། མཚོན་བྱེད་དཔེ་ཡི་ཕྱག་ཆེན་དང་། མཚོན་བྱེད་དཔེ་ཡི་ཡེ་ཤེས་དང་། མཚོན་བྱེད་དཔེ་ཡི་སྔགས་སྡོམ་དང་། ངེད་ཀྱི་ཕྱག་རྒྱ་ཆེན་པོ་ནི། །དབང་ལས་བྱུང་བའི་ཡེ་ཤེས་དང་། །རིམ་པ་གཉིས་ཀྱི་ཏིང་འཛིན་ལས། །བྱུང་བའི་རང་བྱུང་ཡེ་ཤེས་ཡིན། །ཞེས་པའི་དངོས་བསྟན་གྱི་ཡེ་ཤེས་དང་། རྟོགས་པ་དཔེའི་ཕྱག་ཆེན་དང་། བླ་མེད་སོ་སྐྱེའི་རྒྱུད་ཀྱི་དབང་། རིམ་གཉིས་གང་རུང་ལས་བྱུང་ཡེ་ཤེས་རྣམས་དོན་གཅིག མཚན་གཞི་ནི། རྣམ་གྲངས་པའི་དོན་དམ་བདེན་པ་མངོན་སུམ་དུ་རྟོགས་པའི་བླ་མེད་སོ་སྐྱེའི་རྒྱུད་ཀྱི་ཡེ་ཤེས་ཀྱི་ཐེག་པ་ཡིན་ཏེ། འཕགས་པ་ལྷ་ཡི་སྤྱོད་བསྡུས་སུ། བདེན་པ་མཐོང་ཡང་ལས་མཐའ་ལ། །ཆགས་པར་གསུངས་པ་རྫོགས་རིམ་གྱི། །རང་བྱུང་ཡེ་ཤེས་རྟོགས་པ་ནི། དཔེ་ཡི་ཡེ་ཤེས་ཉིད་ལ་དགོངས། །ཞེས་གསུངས་པའི་ཕྱིར་རོ་ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་སྤྱི་དོན་ཀུན་གསལ་ནོར་བུའི་ཕྲེང་བ་ལས་སོ། །
Domain ཆོས་ལུགས།