54465

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཛད་ཐབས་བཅུ་གཅིག་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། སྟོན་པ་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་རྗེས་རི་མ་ལ་ཡའི་རྩེར་དམ་པའི་རིགས་ཅན་ལྔས་གསང་བདག་ལ་དྲི་བ་དྲུག་དྲིས་པའི་ལན་དུ། འགྲོ་བ་བསྒྲལ་བའི་ཆེད་ཡོན་ཏན་བཅུ་གཅིག་དང་ལྡན་པའི་མཛད་ཐབས་བཅུ་གཅིག་གི་སྒོ་ནས་གདུལ་བྱ་འདྲེན་པའི་ཕྱིར་བྱོན་ནོ་ཞེས་ལན་གནང་བའི་མཛད་ཐབས་བཅུ་གཅིག་ནི། ཐབས་ཀྱི་བདག་པོ་མཉན་པའམ་གྲུ་མཁན། ཐབས་ཀྱི་དབང་ཕྱུག་མིག་འབྱེད་མཁན། ཐབས་ཀྱི་མངའ་བདག་སྨན་པ་མཆོག། ཐབས་ཀྱི་འདྲེན་པ་ས་ལམ་མཁན། ཐུགས་རྗེ་ཆེན་པོའི་སྤྱན་རས་ཀྱི་གཟིགས་པས་སོ་པ་མཁན། ཐེག་པའི་རྒྱལ་པོའི་རྡོ་རྗེའི་རྫོང་མཁར་ཆེན་པོ། ཐབས་ཀྱི་མཛོད་འཛིན་ཚོང་དཔོན་ཆེན་པོ། ཐབས་ཀྱི་གསལ་བྱེད་སྒྲོན་མ་དམ་པ། གང་འདོད་འབྱུང་བའི་ཡིད་བཞིན་གྱི་ནོར་བུ། བཀའ་ཡི་གསང་སྒོ་འབྱེད་པའི་འཕྲུལ་གྱི་ལྡེའུ་མིག། བཀའ་ཡི་ངེས་དོན་གསལ་བའི་འགྲེལ་པ་དང་བཅུ་གཅིག འདི་ནི་མདོ་དགོངས་པ་འདུས་པའི་ལུང་བསྟན་བརྒྱུད་པའི་རྐྱེན་གླེང་སློང་སྐབས་གསུངས་པ་ཡིན།
Domain ཆོས་ལུགས།