54473
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ༡ འགྲོ་བ་འདུལ་ཕྱིར་ལྷུམས་སུ་ཞུགས། ༢ སེམས་ཅན་ཚུལ་མཐུན་བྱ་ཕྱིར་བལྟམས། ༣ འཁོར་དང་ལོངས་སྤྱོད་བསྟུན་ཕྱིར་རོལ་རྩེད་མཛད། ༤ ལོངས་སྤྱོད་བསྟུན་ཕྱིར་རྒྱལ་སྲིད་བཞེས། ༥ སེམས་ཅན་དད་ཕྱིར་རབ་ཏུ་བྱུང་། ༦ དཀའ་བ་སྟོན་ཕྱིར་དཀའ་ཐུབ་མཛད། ༧ དགྲ་མེད་བྱ་ཕྱིར་བདུད་རྣམས་བཏུལ། ༨ སྤྲོ་བ་སྐྱེད་ཕྱིར་མངོན་སངས་རྒྱས། ༩ སེམས་ཅན་སྨིན་ཕྱིར་ཆོས་འཁོར་བསྐོར། ༡༠ ཡིད་ཆེས་བསྟན་པར་ཕྱིར་ཆོ་འཕྲུལ་བསྟན། ༡༡ མི་རྟག་སྟོན་ཕྱིར་མྱ་ངན་འདས། ༡༢ བསོད་ནམས་ཐོབ་ཕྱིར་སྐུ་གདུང་བཞག་པ་བཅས་སོ། ། |
| Domain | ཆོས་ལུགས། |