5452
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་གཅིག་པའི་དུས་སྟོད་དུ་སྐུ་འཁྲུངས། ཆུང་དུས་ནས་ཡི་གེའི་སྦྱོར་ཀློག་ལ་བྱང་བར་མཛད། རབ་བྱུང་དང་། དགེ་ཚུལ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས། འདུལ་གཞུང་ལེགས་པར་སྦྱངས། རྒྱ་གར་དང། ཁ་ཆེ་དང་། བལ་ཡུལ་སོགས་སུ་ཕེབས། པཎ་གྲུབ་མང་པོའི་ཞབས་ལ་གཏུགས། མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་ཕུལ་དུ་ཕྱིན་པ་མཛད། ལེགས་སྦྱར་གྱི་སྐད་ལ་ཡང་བྱང་ཆུབ་པའི་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ལ་བཀའ་འགྱུར་ལས་དཔལ་རྡོ་རྗེ་ནག་པོ་ཁྲོས་པའི་མགོན་པོ་གསང་བ་དངོས་གྲུབ་འབྱུང་བའི་རྒྱུད་ལེའུ་ཉི་ཤུ་རྩ་ལྔ་པ་དང་། བསྟན་འགྱུར་ལས་རྡོ་རྗེ་ཐེག་པའི་དུས་ཀྱི་འཁོར་ལོའི་རྩ་བའི་ལྟུང་བ་དཔལ་དུས་ཀྱི་འཁོར་ལོའི་སྡོམ་ཚིག་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་ཕྲེང་བ་བཅས་བཞུགས། |