54525
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཟླ་བ་གྲགས་པ་དང་ཙནྡྲ་གཽ་མི་རྩོད་པ་ན། ཙནྡྲ་གཽ་མི་འཕགས་པ་སྤྱན་རས་གཟིགས་ཀྱི་ལྷ་ཁང་ཞིག་ན་བཞུགས་ཀྱིན་ཡོད་དེ། དེས་དེ་རིང་རྩོད་པ་མང་པོ་བཀོད་པའི་ལན་དོ་ནུབ་འཕགས་པ་སྤྱན་རས་གཟིགས་ལ་ཞུས་ཏེ་ནང་བར་ལན་བཏབ་པ་ན། ཟླ་བ་གྲགས་ཀྱིས་དགོངས་པར་འདི་ལ་རྩོད་པ་སློབ་དཔོན་ཞིག་ཡོད་དོ་བསམས་ནས། ཙནྡྲ་གཽ་མིའི་ཕྱི་བཞིན་སོང་བས་དེ་ལྷ་ཁང་དུ་སོང་། སྒོའི་ཕྱི་ནས་ཉན་པས་འཕགས་པ་སྤྱན་རས་གཟིགས་ཀྱི་རྡོ་སྐུ་དེས་ཙནྡྲ་གཽ་མི་ལ་ཆོས་གསུངས་ཏེ། སློབ་དཔོན་གྱིས་སློབ་མ་ལ་སྟོན་པ་བཞིན་དུ་རིག་པ་སློབ་པ་ལས། ཟླ་བ་གྲགས་པས་འཕགས་པ་ལ་ཉེ་རིང་མི་མངའམ་ཞེས་སྒོ་ཕྱེ་བས། དེ་ཉིད་དུ་རྡོ་སྐུར་གྱུར་ཏེ་ཆོས་སློབ་བཞིན་པའི་ཕྱག་སོར་ཀེར་རེང་ལ་ལུས་པས་འཕགས་པ་མཛུབ་ཀེར་མར་གྲགས་སོ། ། |