54624

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཛོད་ཀྱི་སྤྱི་དོན་ངག་གི་སྒྲོན་མེ་ (1)
Part of speech མིང་ཚིག
Definition མཚན་རྒྱས་པ། དམ་པའི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ཇི་སྙེད་ཤེས་བྱའི་གསལ་བྱེད་ངག་གི་སྒྲོན་མེ་ཞེས་བྱ་བ། འདི་ནི་ཆོས་མངོན་པ་མཛོད་ཀྱི་དཀའ་བའི་གནས་རྣམས་ལ་ངག་དོན་གྱི་སྦྱོར་བ་འགོད་པ་དང་། མཐའ་དཔྱད་པ་བཅས་ཀྱི་སྒོ་ནས་འགྲེལ་བར་བྱེད་པའི་བསྟན་བཅོས་ཤིག་སྟེ། སློབ་དཔོན་དབྱིག་གཉེན་གྱི་མཛོད་རྩ་འགྲེལ་དང་། རོང་སྟོན་གྱི་མཛོད་འགྲེལ། ཀུན་མཁྱེན་གོ་རམས་པའི་མངོན་པའི་སྐོར་རྣམས། མུས་རབ་འབྱམས་པའི་མཛོད་ཊཱིཀ སྐྱེད་ཚལ་བ་ཀུན་མཁྱེན་ཤེར་འོད་དང་མང་ཐོས་ཀླུ་སྒྲུབ་ཀྱི་མངོན་པའི་སྤྱི་དོན་སོགས་ལ་གཞི་བཅོལ་ནས། ས་སྐྱའི་མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་བོད་རབ་བྱུང་བཅུ་གཅིག་པའི་ཆུ་མོ་བྱའི་ལོ་ཟླ་དགུ་པའི་ཡར་ཚེས་བཅུ་(ཕྱི་ལོ་ ༡༦༣༣ )ལ་དཔལ་བཟང་ལྡན་གྱི་བྱ་འདབ་སྤུ་དཀར་བླ་གྲང་རྫོང་དུ་བརྩམས།

{{#arraymap:མཛོད་ཀྱི་སྤྱི་དོན་ངག་གི་སྒྲོན་མེ་

|; |@@@ | | }}