54636

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཛོད་དགེ་དགེ་འདུན་དཔལ་བཟང་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་ལྕགས་ཕག་ཕྱི་ལོ ༡༧༣༡ ལོར་མདོ་སྨད་བཞག་སྡོམ་དཔོན་རྒྱུད་དུ་འཁྲུངས། དགུང་ལོ་སུམ་ཅུར་ཉེ་སྐབས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཆོས་གྲྭར་ཞུགས། དབྱར་ཐོག་ཕལ་ཆེར་ལ་ཟྭ་ཚོད་བསྐོལ་ནས་བཞེས། སྲོག་འཚོ་ཙམ་གྱི་མཐུན་རྐྱེན་འོག་ཚོགས་ཆོས་འགྲིམས། གཞུང་ཆེན་རྣམས་ལ་ཐུགས་བརྩོན་མཛད། རྡོ་རམས་པའི་དམ་བཅའ་བཞག ལེགས་བཤད་སྙིང་པོ་དང་། ཡིག་ཆའི་དབུ་ཕར་ཡོངས་རྫོགས། དྲང་ངེས་རྣམ་འབྱེད་ཆེན་མོ། ལམ་རིམ་ཆེན་མོ། དབུ་མ་དགོངས་པ་རབ་གསལ། ལྕང་སྐྱའི་གྲུབ་མཐའ་རྣམས་ཐུགས་འཛིན་མཛད། རྒྱུད་གྲྭར་གསང་སྔགས་ཀྱི་གཞུང་དང་། དེའི་ཆོ་ག་ཕྱག་ལེན་བཅས་སྦྱངས། སྔགས་ཀྱི་དམ་བཅའ་ལེགས་པར་ཐོན། དབུས་སུ་བློ་གསལ་མང་པོར་དཔེ་ཁྲིད་གནང་། ཀློང་རྡོལ་བླ་མ་ལ་ཡང་ཆོས་འབྲེལ་ཞུས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྒྱུད་པའི་བླ་མ་དབུ་མཛད་གནང་། ཁྲི་ཟུར་རྗེས་ཀིརྟིའི་ཁྲི་ཡང་བསྐྱངས། དོན་བརྒྱད་པ་རབ་བྱུང་བཅུ་བཞི་པའི་ས་སྦྲུལ་ཕྱི་ལོ ༡༨༠༩ ལོར་སྐུ་གཤེགས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྒྱུད་པའི་ཁྲི་རབས་ཉེར་གཉིས་པ་ཡིན།

{{#arraymap:མཛོད་དགེ་དགེ་འདུན་དཔལ་བཟང་

|; |@@@ | | }}