54639

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཛོད་དུ་འཇུག་པར་བྱ་བ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་གསང་སྔགས་ཐེག་པར་འཇུག་པའི་ཐབས་བཅུའམ་ཆོས་ཀྱི་རྣམ་གྲངས་བཅུ་གསུངས་པའི་གཅིག་ཡིན། སྤྱོད་པས་འདྲེན་སྒོ། ཐབས་ཀྱི་སྦྱོར་སྒོ། ངེས་པའི་གསང་སྒོ་སྟེ་སྒོ་གསུམ་པོ་དེ། འབྱེད་པའི་ལྡེ་མིག། གྲོལ་བའི་ལྡེ་མིག འབྱིན་པའི་ལྡེ་མིག་གསུམ་གྱིས་ཕྱེ་ནས་གསང་བ་དམ་པའི་མཛོད་ལ་འཇུག་པར། གཟི་ལྡན་འཆར་ཁའི་འོད་སྣང་ལས། སྟོན་མཆོག་རྒྱལ་བ་དམ་པ་རྣམས་ཀྱི་དགོངས་པ་གསང་བའི་མཛོད་དུ་འཇུག་པར་བྱ་ན་འཇུག་སྒོ་གསུམ་ནས་བརྒྱུད་པས་ཞུགས་ནས་ཡེ་ནས་རང་ལ་ལྷུན་གྱིས་གྲུབ་པའི་གསང་སྔགས་དམ་པ། ཡོན་ཏན་ཀུན་གྱི་འབྱུང་ནས་གང་ཡིན་པ་རང་རིག་མེད་ལ་མི་ཟད་པའི་གསང་མཛོད་སྙིང་པོ་བྱང་ཆུབ་ཀྱི་གོ་འཕང་མཆོག་ཏུ་མངོན་སུམ་གྱིས་འཇུག་ཅིང་ཐོབ་པར་བྱ་བ་ཉིད་དོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:མཛོད་དུ་འཇུག་པར་བྱ་བ་

|; |@@@ | | }}