54645
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མཚན་རྒྱས་པ། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པའི་འགྲེལ་བ་མངོན་པའི་རྒྱན་ཞེས་བྱ་བ། འདི་ནི་ས་ཡི་སྟེང་ན་སངས་རྒྱས་གཉིས་པ་ཞེས་ཡོངས་སུ་གྲགས་པའི་སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས་མཛད་པའི་ཆོས་མངོན་པ་མཛོད་ཀྱི་ཚིག་དོན་རྒྱས་པར་འགྲེལ་བའི་གཞུང་གྲགས་ཆེན་ཞིག་སྟེ། བཤད་པ་ལ་འཇུག་པ་དང་། བཤད་པ་དགོད་པ་དང་། ཡོངས་སུ་རྫོགས་པའི་བྱ་བ་སྟེ། ས་བཅད་གསུམ་གྱི་བདག་ཉིད་ཅན་གྱི་གཞུང་ཞིག་གི་མཚན་ཡིན། འགྲེལ་བ་འདི་ནི་མཛོད་རང་འགྲེལ་དང་། སློབ་དཔོན་གང་སྤེལ། སློབ་དཔོན་རྒྱལ་པོའི་སྲས་སོགས་འཕགས་ཡུལ་གྱི་མཛོད་འགྲེལ་གྲགས་ཆེན་རྣམས་ལ་ཁུངས་གཏུགས་ཤིང་། སྤྱི་དོན་དང་གཞུང་འགྲེལ་མཐའ་དཔྱོད་བཅས་ཀྱི་སྒོ་ནས་ལེགས་པར་གཏན་ལ་ཕབ་པའི་མངོན་པ་མཛོད་ཀྱི་འགྲེལ་བ་ཞིག་ཡིན། བོད་ན་བཞུགས་པའི་ཆོས་བརྒྱུད་ཆེན་པོ་དག་གིས་འདི་ལ་ཁུངས་བཅོལ་ཞིང་། ཡོངས་གྲགས་སུ་མཆིམས་མཛོད་དང་། མཆིམས་ཆེན་དུ་གྲགས། མཆིམས་ནམ་མཁའ་གྲགས་སམ། མཆིམས་ཆེན་པོ་འཇམ་པའི་དབྱངས་ཀྱིས་མཛད། |
{{#arraymap:མཛོད་འགྲེལ་མངོན་པའི་རྒྱན་
|; |@@@ | | }}