54650

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཛོད་ལུགས་ཀྱི་བྱང་ཕྱོགས་སོ་བདུན་གྱི་ས་མཚམས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། དྲན་པ་ཉེར་གཞག་བཞི་ཚོགས་ལམ། ཡང་དག་སྤོང་བ་བཞི་སྦྱོར་ལམ་དྲོད། རྫུ་འཕྲུལ་གྱི་རྐང་པ་བཞི་རྩེ་མོ། དབང་པོ་ལྔ་བཟོད་པ། སྟོབས་ལྔ་ཆོས་མཆོག འཕགས་ལམ་ཡན་ལག་བརྒྱད་མཐོང་ལམ། བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་ལམ་ནས་འཇོག་པར་བཤད་དེ། མཛོད་ལས། སྡེ་ཚན་བདུན་ནི་གོ་རིམ་བཞིན། །ལས་ནི་དང་པོ་པ་དག་དང། །ངེས་འབྱེད་ཆ་མཐུན་རྣམས་དང་ནི། །མཐོང་དང་སྒོམ་ལ་རབ་ཏུ་ཕྱེ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་གཏེར་གྱི་ཁ་འབྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:མཛོད་ལུགས་ཀྱི་བྱང་ཕྱོགས་སོ་བདུན་གྱི་ས་མཚམས་

|; |@@@ | | }}