54652
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། རང་བརྒྱུད་པ། མངོན་པ་འོག་མ་མཛོད་ལྟར་བདེན་པ་མངོན་སུམ་དུ་མཐོང་ཚུལ་ཞིག་ལ་མཛོད་ལུགས་ཀྱི་མཐོང་ལམ་སྐྱེ་ཚུལ་ཞེས་ཟེར། དེའི་ཚུལ་ནི་པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། མཛོད་པ་ལྟར་ན། མཐོང་ལམ་ཤེས་བཟོད་སྐད་ཅིག་བཅོ་ལྔ་པོ་རིམ་ཅན་ཁོ་ནར་སྐྱེ་བ་ཡིན་ཏེ། དང་པོར་འདོད་པའི་སས་བསྡུས་ཀྱི་མཐོང་སྤངས་ཉོན་མོངས་ཀྱི་དངོས་གཉེན་དུ་གྱུར་པའི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་དང། དེ་རྗེས་དེས་དངོས་སུ་དྲངས་པའི་ཆོས་ཤེས་དང། དེ་རྗེས་ཁམས་གོང་གི་སས་བསྡུས་ཀྱི་མཐོང་སྤངས་ཉོན་མོངས་ཀྱི་དངོས་གཉེན་དུ་གྱུར་པའི་སྡུག་བསྔལ་ལ་རྗེས་བཟོད་དང། དེ་རྗེས་དེས་དངོས་སུ་དྲངས་པའི་རྗེས་ཤེས་སྐྱེ། དེ་བཞིན་དུ་བདེན་པ་ལྷག་མ་གསུམ་ལ་ཡང་སྦྱར་བར་བྱ་བ་ཡིན་པའི་ཕྱིར། སྡུག་བསྔལ་ཆོས་བཟོད་ལ་སོགས་པའི་སྐད་ཅིག་མ་བཅོ་ལྔ་མཐོང་ལམ་ཡིན་ཏེ། བདེན་པ་སྔར་མ་རྟོགས་གསར་དུ་རྟོགས་པའི་ལམ་ཡིན་པའི་ཕྱིར། བཅུ་དྲུག་པ་ལམ་རྗེས་ཤེས་མཐོང་ལམ་མ་ཡིན་ཏེ། བདེན་པ་སྔར་མ་རྟོགས་གསར་དུ་རྟོགས་པ་མེད་པའི་ཕྱིར། མཛོད་ལས། དེ་ལ་སྐད་ཅིག་བཅོ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །ཞེས་གསུངས། དེ་འགོག་པ་ནི། འོ་ན་རྗེས་ཤེས་དང་པོ་གསུམ་ཡང་མཐོང་ལམ་མ་ཡིན་པར་ཐལ། བདེན་པ་སྔར་མ་རྟོགས་གསར་དུ་རྟོགས་པ་མེད་པའི་ཕྱིར་ཏེ། བཅུ་དྲུག་པ་ལམ་རྗེས་ཤེས་ལ་དེ་མེད་པ་གང་ཞིག ། མཚུངས་པའི་ཕྱིར། འདོད་ན། མཐོང་ལམ་ཤེས་བཟོད་སྐད་ཅིག་མ་བཅུ་གཉིས་སུ་གྲངས་ངེས་པར་ཐལ། འདོད་པའི་ཕྱིར། དེ་ལྟར་ཡང་འགྲེལ་ཆེན་ལས། གལ་ཏེ་དེ་ལྟར་ཡིན་ན་སྡུག་བསྔལ་ལ་སོགས་པའི་བདེན་པ་གསུམ་ལ་ཡང་སྔར་མེད་པའི་མཐོང་བ་མ་ཚང་བས་རྗེས་སུ་ཤེས་པའི་སྐད་ཅིག་མ་མཐོང་བའི་ལམ་མ་ཡིན་པའི་ཕྱིར། སྐད་ཅིག་མ་བཅུ་གཉིས་ཁོ་ནར་འགྱུར་ན་དེ་ལྟར་ནི་ཁས་མ་བླངས་པས་འདི་ནི་གྱི་ནའོ། །ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:མཛོད་ལུགས་ཀྱི་མཐོང་ལམ་སྐད་ཅིག་བཅོ་ལྔ་
|; |@@@ | | }}