54701
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་དང་པོའི་ཆུ་རྟ་ཕྱི་ལོ་ ༡༠༤༢ ལོར་ཡར་འབྲོག་བླ་དོའི་རྒྱགས་སུ་ཡབ་དགེ་བཤེས་ཆོས་རྒྱལ་གྱི་སྲས་སུ་འཁྲུངས། རོང་ཟོམ་ཆོས་ཀྱི་བཟང་པོ་དང་། གོ་རུབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་མདོ་སྔགས་ལ་སྦྱངས། བལ་ཡུལ་དུ་ལྷོ་བྲག་མར་པ་དང་མཇལ། རྒྱ་གར་དུ་ཕེབས་ནས་ནཱ་རོ་པའི་སློབ་མ་མ་ན་ཀ་ཤྲཱི་དང་། པྲ་ཛྙཱ་རཀྵི་ཏ། ཁ་ཆེ་བྱང་ཆུབ་བཟང་པོ། པྲ་མུ་ད་བཛྲ་རྣམས་ལས་ནཱ་རོ་པའི་ལུགས་ཀྱི་བདེ་མཆོག་གི་དབང་དང་། རྒྱུད། མན་ངག་རྣམས་མནོས། ཕྱིར་བལ་ཡུལ་དུ་ཕམ་མཐིང་བ་དང་། གཅུང་པོ་ངག་གི་དབང་ཕྱུག་གཉིས་ལས་ནཱ་རོ་པའི་ཆོས་སྐོར་མང་དུ་གསན། མཁས་པ་སུ་མ་ཏི་ཀཱིརྟཱི་ལས་བདེ་མཆོག་སྐོར་གྱི་འགྱུར་ཡང་མང་དུ་མཛད། བོད་དུ་སློབ་མ་མང་པོ་བསྐྱངས། རབ་བྱུང་གཉིས་པའི་མེ་འབྲུག་ཕྱི་ལོ་ ༡༡༣༦ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་གཙང་གི་མཁས་པ་རྒྱ་ནམ་མཁའ་དང་། ངོའི་གཟེ་བ་བློ་ལྡན། ཅོག་རོ་ཆོས་ཀྱི་རྒྱལ་མཚན་བཅས་ཡིན། གསུང་རྩོམ་ནི་རྩ་བའི་རྒྱུད་དང་། ཀུན་སྤྱོད་གཉིས་ཀ་ལ་བསྡུས་དོན་དང་ཊཱིཀ་རྒྱས་པ་གཉིས་བཞུགས། བསྒྱུར་རྩོམ་ནི་བཀའ་འགྱུར་ལས། འཕགས་པ་མི་གཡོ་བའི་རྒྱུད་ཀྱི་རྒྱལ་པོའི་ལེའུ་བདུན་དང་། ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་རྡོ་རྗེ་གདེངས་པའི་རྒྱུད་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་ལེའུ་གཅིག། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དངོས་གྲུབ་ཀྱི་རྟོག་པ་ལེའུ་བཞི། འཕགས་མ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་རྟོག་པ་ལེའུ་བཞི། བསྟན་འགྱུར་ལས། ཀྱཻ་རྡོ་རྗེ་ཕྱག་གཉིས་པའི་སྒྲུབ་ཐབས་དང་། དཔལ་འཁོར་ལོ་སྡོམ་པའི་རིམ་པ་ལྔའི་འགྲེལ་བ། བཅོམ་ལྡན་འདས་དཔལ་བདེ་མཆོག་སྒྲུབ་པའི་ཐབས་རིན་ཆེན་ཡིད་བཞིན་ནོར་བུ། ཚོགས་ཀྱི་འཁོར་ལོའི་ཆོ་ག དཔལ་འཁོར་ལོ་སྡོམ་པའི་བསྟོད་པ། དཀྱིལ་འཁོར་གྱི་ལྷ་ལ་བསྟོད་པ་རིན་པོ་ཆེའི་སྒྱུ་འཕྲུལ་སྦྱིན་པ། བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་སྒྲུབ་ཐབས་རིན་པོ་ཆེ་གཙུག་གི་ནོར་བུ། དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་གྱི་ཆོ་ག་རིན་པོ་རབ་ཏུ་གསལ་བའི་སྒྲོན་མ། དཔྱིད་ཀྱི་ཐིག་ལེ། རྗེ་བཙུན་དཔལ་ཧེ་རུ་ཀ་སྒྲུབ་པའི་ཐབས་མདོར་བསྡུས་པ། ཡི་གེ་བདུན་པའི་སྒྲུབ་ཐབས། དཔལ་འཁོར་ལོ་སྡོམ་པའི་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་ཀྱི་སྣང་བ། དཔལ་འཁོར་ལོ་སྡོམ་པའི་སྙིང་པོ་དེ་ཁོ་ན་ཉིད་བསྡུས་པ། དཔལ་འཁོར་ལོ་སྡོམ་པའི་དེ་ཁོ་ན་ཉིད་ཀྱི་མན་ངག བདུད་རྩི་འོད་ཟེར་ཅན། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་བསྟོད་པ། དཔལ་རྡོ་རྗེ་ཕག་མོའི་སྒྲུབ་ཐབས། ཀེང་རུས་ཏཱ་ར་ན་པའི་སྒྲུབ་ཐབས། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས། ཕག་མོའི་སྒྲུབ་ཐབས། རྡོ་རྗེ་དབྱངས་ཅན་མའི་བསྟོད་པ། མཚན་ཡང་དག་པར་བརྗོད་པ་སྒྲུབ་པའི་ཐབས། འཕགས་པ་འོད་ཟེར་ཅན་གྱི་སྒྲུབ་ཐབས། རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྒྲུབ་ཐབས། བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ་ཤེས་རབ་ཀྱི་ལེའུ་རྒྱ་ཆེར་བཤད་པ་བཅས་བཞུགས། |