54703
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྷོ་ཆུ་བྱི་ཕྱི་ལོ་ ༡༠༡༢ ལོར་བྲག་ཕུ་ཆུ་ཁྱེར་དུ་འཁྲུངས། འབྲོག་མིའི་དྲུང་དུ་ལོ་ཙཱ་བསླབས། རྗེས་སུ་རྒྱ་གར་དུ་ལན་གསུམ་དང་། བལ་ཡུལ་དུ་ལན་བཞི་བྱོན། པཎ་ཆེན་ནཱ་རོ་པ་དང་མངའ་བདག་མེ་ཏྲི་བ་སོགས་གྲུབ་ཐོབ་ཀྱི་བླ་མ་མང་དུ་བསྟེན། ཀྱཻ་རྡོར་དང༌། གསང་འདུས། ཕྱག་རྒྱ་ཆེན་པོ་སོགས་གསང་སྔགས་ཀྱི་གདམས་པ་མཐའ་ཡས་པ་མནོས། སླར་བོད་ཡུལ་དུ་ལོག་ནས་ལྷོ་བྲག་གྲོ་བོ་ལུང་དུ་བཞུགས། སློབ་མའི་གཙོ་བོ་ནི། དོལ་བ་གག་སྟོན་དང༌། གྲེའི་མིའུ་ཆུང༌། ཆུང་གོང་དཔལ་ལེ། དགེ་བཤེས་ཁེ་གད་བཅས་ཐུགས་ཀྱི་སྲས་བཞི་དང༌། གཞུང་གི་རྔོག་ཆོས་སྐུ་རྡོ་རྗེ་དང༌། དོལ་གྱི་ཚུར་སྟོན་དབང་ངེ༌། གཙང་རོང་གི་མེས་སྟོན་ཚོན་པོ། གུང་ཐང་གི་མི་ལ་རས་པ་བཅས་ཀ་ཆེན་བཞི་སོགས་སློབ་མ་ཤིན་ཏུ་མང། འགྱུར་ལ་བཀའ་འགྱུར་ལས་དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྣལ་འབྱོར་ཆེན་པོ་རྣམ་པར་རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་དཔལ་མཆོག་ཆེན་པོ་བརྟག་པ་དང་པོ་ལ་ལེའུ་བདུན་ཅུ་རྩ་བདུན་པ། བསྟན་འགྱུར་ལས་རྣལ་འབྱོར་ཕ་དང་རྣལ་འབྱོར་མ་རྣམས་ལ་ཐུན་མོང་མ་ཡིན་པའི་དོན་ལ་གདམས་པ། ཚོགས་ཀྱི་འཁོར་ལོའི་ཆོ་ག དཔལ་ཧེ་རུ་ཀ་མངོན་པར་འབྱུང་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དཀའ་འགྲེལ་ཡི་གེ་ཉུང་ངུ་ཞེས་བྱ་བ་སོགས་མང། གྱ་དྲུག་པ་རབ་བྱུང་གཉིས་པའི་མེ་གླང་ཕྱི་ལོ་ ༡༠༩༧ ལོར་སྐུ་གཤེགས། དགུང་ལོ་གྱ་བཞི་པ་རབ་བྱུང་གཉིས་པའི་ཤིང་ཕག་ཕྱི་ལོ་ ༡༠༩༥ ལོར་སྐུ་གཤེགས་ཞེས་གསུངས་ཚུལ་མི་འདྲ་བ་མཆིས། |