54713

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མར་མེ་ (1)
Part of speech མིང་ཚིག
Definition མཆོད་མེ་སྟེ། འབྲས་བུ་དང་འབྲུའི་རིགས་ལས་བྱུང་བའི་སྣུམ་རིགས་དང་མར་གྱིིས་བཟོས་པའི་སྒྲོན་མེ་ཞིག སྲོག་ཆགས་ཀྱི་ཚིལ་སོགས་སྤྱོད་མི་རུང་བ་ཡིན། མིང་གི་རྣམ་གྲངས་ལ་ཁྱིམ་གྱི་ནོར་བུ་དང༌། སྒྲོན་མེ། སྣང་གསལ། སྣུམ་ཟ་བཅས་སོ། །མར་མེ་འཕུལ་བའི་ཕན་ཡོན་ནི། རང་རྒྱུད་ཀྱི་མ་རིག་པའི་མུན་པ་སེལ་བ་དང་། ཤེས་རབ་ཀྱི་སྣང་བ་རྒྱས་པ་ལ་སོགས་ཕན་ཡོན་དཔག་ཏུ་མེད་པ་ཡོད་གསུངས།
Keyword True
Example མར་མེ་རླུང་གིས་གཟིམ་ན་འཛུམ་ཤིག་ཤིག །ལྷ་བཤོས་ཁྱིས་འཁྱེར་ན་འཛུམ་ཤིག་ཤིག །ཅེས་པ་ལྟ་བུ།