54762

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མལ་ཀ་བ་ཅན་པ་ (1)
Part of speech མིང་ཚིག
Definition རབ་བྱུང་གཉིས་པའི་མེ་རྟ་ཕྱི་ལོ་ ༡༡༢༦ ལོར་ཡུལ་གཡོའི་བྱེ་ཅན་པ་ལ་ཡབ་མལ་དར་མ་མགོན་དང་། ཡུམ་ཧབ་བརྡལ་བཟའ་མདོ་བ་གཉིས་ཀྱི་སྲས་སུ་འཁྲུངས། ཡུགས་མོ་ཕྱུག་པ་ཞིག་དང་ཁྱིམ་ཐབས་བྱས། བདག་མོས་ཆོས་ལ་སྐུལ་བས་ཆོས་སྒོར་ཞུགས། འོལ་ཁར་སློབ་དཔོན་དར་མ་གྲགས་ལས་ཞི་བྱེད་རྨ་ལུགས་རྣམས་ཞུས། མལ་སྤོས་ཀ་བ་སྨོན་ལམ་ལས་ནཱ་རོ་པའི་ཆོས་དང་བྱ་རོག་མའི་སྒྲུབ་ཐབས་མནོས། ལྡོམ་བུ་བ་མཛད། དམ་པ་སྒོམ་སྨོན་ལས་བར་དོའི་གདམས་པ་དང་། དོན་བརྒྱུད་ཀྱི་གདམས་པ་མ་ལུས་པ་གསན། སྒྲུབ་པ་ཉམས་ལེན་ལོ་ངོ་བཅུ་གཉིས་རིང་མཛད། སོ་ལྔ་པར་ཤ་མི་སྒོམ་ཆེན་ན་སྨོན་ལམ་འབར་ལོ་བཅུ་གཉིས་རིང་བསྟེན། ཞི་བྱེད་སོ་ལུགས་ཀྱི་ཆོས་སྐོར་གསན། སྒོམ་སྒྲུབ་ཉམས་ལེན་ལོ་བཞི་བཅུའི་རིང་མཛད། གྱ་དྲུག་པ་རབ་བྱུང་བཞི་པའི་ལྕགས་ལུག་ཕྱི་ལོ་ ༡༢༡༡ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་སློབ་དཔོན་ཀུན་བཟང་དང་། གྱེར་སྒོམ་ཚུལ་ཁྲིམས་སེང་གེ་སོགས་ཡིན།