54770

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མལ་གྱོ་བློ་གྲོས་གྲགས་པ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གཅིག་པའི་དུས་མགོར་འཁྲུངས། བོད་ཡུལ་ཐོག་མར་ཐོས་དོན་བཙལ། ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་པཎ་གྲུབ་མང་པོ་བསྟེན། རྒྱ་གཞུང་དང་ལེགས་སྦྱར་བཅས་ལ་བྱང་ཆུབ་པའི་ལོ་ཙཱ་བ་ཞིག་ཡིན། མགོན་པོའི་ཆོས་སྐོར་སོགས་བོད་དུ་སྤྱན་དྲངས། འཁོན་དཀོན་མཆོག་རྒྱལ་པོ་སོགས་ལ་གསང་སྔགས་གསར་མའི་ཆོས་སྐོར་མང་དུ་གསུངས། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་དང་། རྗེ་བཙུན་མ་འཕགས་མ་སྒྲོལ་མ་སྤྱིའི་མངོན་པར་རྟོགས་པ། ལྷ་མོ་སྒྲོལ་མའི་བསྟོད་པ་ཉི་ཤུ་རྩ་གཅིག་པའི་སྒྲུབ་ཐབས། དེ་དག་སོ་སོའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། གཏམ་རྒྱུད་ཀྱི་རྟོགས་པ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཕྱག་མཚན་གྱི་རྣམ་པར་དག་པ། འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་བསྟོད་པ་བཅས་བཞུགས།