54772
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་དགུ་པའི་ལྕགས་བྱི་ཕྱི་ལོ ༡༥༤༠ ལོར་མལ་གྲོ་འབྲོག་སྡེར་འཁྲུངས། དགུང་ལོ་བཅུ་གསུམ་པར་རིན་ཆེན་གླིང་པའི་དབུ་མཛད་ཆོས་བཟང་ཉི་མ་ལས་རབ་བྱུང་བསྒྲུབས། ཉག་རོང་གྲྭ་ཚང་དུ་སློབ་གཉེར་མཛད། མདོ་སྔགས་རིག་གནས་ཀུན་ལ་སྦྱངས། མཁས་པ་གོ་འཕང་བརྙེས། སོ་གསུམ་པར་རྩེས་ཐང་ཚེ་བརྟན་རྒྱ་མཚོ་དང་། ཞོགས་བྱམས་པ་རྒྱ་མཚོ་སོགས་ལས་དགེ་སློང་བསྒྲུབས། སེར་སྨད་འཆད་ཉན་པ་དང་། ཤར་དང་སྦྲེལ་བའི་བླ་མ་ལོ་གསུམ་མཛད། ང་བདུན་པ་རབ་བྱུང་བཅུ་པའི་མེ་སྤྲེལ་ཕྱི་ལོ ༡༥༩༦ ལོར་དགའ་ལྡན་གསེར་ཁྲིར་བྱོན། གསེར་ཁྲི་ལོ་བརྒྱད་རིང་བསྐྱངས། ཡངས་པ་ཅན་གྱི་ཞིག་གསོ་ལྡེབས་བྲིས་དང་། ལྷ་ས་སྨོན་ལམ་ཆེན་མོའི་གྲལ་དབུ་མཛད། རེ་བཞི་པ་ནས་ཟུར་བཞུགས་ཀྱིས་ཐང་སྐྱ་དང་། ཕག་མོ་ཆོས་སྡེ། རིན་ཆེན་གླིང་སོགས་ཀྱི་བླ་མ་དང་། རྒྱལ་བ་ཡོན་ཏན་རྒྱ་མཚོ་རབ་བྱུང་མཁན་པོ་གནང་། དོན་གཉིས་པ་རབ་བྱུང་བཅུ་པའི་ཆུ་བྱི་ཕྱི་ལོ ༡༦༡༢ ལོར་སྐུ་གཤེགས། གདུང་རྟེན་དངུལ་གྱི་བྱང་ཆུབ་མཆོད་རྟེན་གཡས་སྨད་དུ་བཞུགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་ཉེར་བདུན་པ་ཡིན། |