54777
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕལ་ཆེན་ལེའུ་ཞེ་གསུམ་པ་ལས་བྱུང་བ་སྟེ། འདི་ལྟར་ལུས་དང་སེམས་དབེན་པར་བྱ་བའི་ཕྱིར། དབེན་པའི་མལ། ཚུལ་བཞིན་གྱི་སྦྱོར་བ་སྒྲུབ་པའི་ཕྱིར། ནང་དུ་ཡང་དག་པར་གཞོག་པའི་མལ། ལུས་དང་སེམས་ལས་སུ་རུང་བར་བྱ་བའི་ཕྱིར། སྙོམས་པར་འཇུག་པའི་མལ། གཞན་དང་བདག་ལ་གདུང་བ་མེད་པར་བྱ་བའི་ཕྱིར། ཚངས་པའི་མལ། ཕྱིས་འགྱོད་པ་མེད་པར་བྱ་བའི་ཕྱིར། ལེགས་པའི་ལས་ཀྱི་མལ། ཕྱིས་ཁྲོ་བ་མེད་པར་བྱ་བའི་ཕྱིར། ཡང་དག་པའི་ནན་ཏན་གྱི་མལ། དགེ་བའི་བཤེས་གཉེན་གྱིས་བསྐུལ་བར་བྱ་བའི་ཕྱིར། ལམ་གྱི་མལ། ཡོངས་སུ་བསྔོ་བ་ལ་མཁས་པའི་ཕྱིར། ཤིན་ཏུ་མཉམ་པར་བཞག་པའི་མལ། བརྩམ་པ་མཐར་ཕྱིན་པར་བྱ་བའི་ཕྱིར། དགོས་པ་ཐམས་ཅད་ཡོངས་སུ་སྒྲུབ་པའི་མལ། སྔོན་ལས་ལེགས་པར་སྤྱད་པའི་ཕྱིར། ལྷུན་གྱིས་གྲུབ་པར་སྤྱོད་པའི་མལ་ལོ། ། |
| Domain | ཆོས་ལུགས། |