5478
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཤེས་རབ་འོད་ཟེར་ས་མོ་ཕག་ལ་འཁྲུངས། རྟོགས་ལྡན་གཞོན་ནུ་འབྱུང་གནས་ལས་རབ་ཏུ་བྱུང༌། གདམས་པ་ཐམས་ཅད་རྫོགས་པར་གསན། ཡོན་ཏན་དུ་མ་དང་ལྡན། དགུང་ལོ་ལྔ་བཅུ་ལ་རྫ་སྟོད་ཁོ་བའི་དགོན་བཏབ། འདི་ནི་རྫ་ཆུ་སྟོད་མ་རུ་ཡིན་པ་འདྲ་སྟེ་ངེས་བརྟན་མ་རྙེད ལོ་བཅུ་བཞི་ལ་འཚོགས་པ་བསྐྱངས། དྲུག་ཅུ་རེ་གསུམ་ལ་གཤེགས། རབ་བྱུང་ལྔ་པའི་ནང་ཙམ་ལ་བྱོན། འཁྲུངས་འདས་མི་གསལ། རིགས་དབོན་བསོད་ནམས་སེང་གེ་སྟེ་ཁོ་བ་ཕུག་པ་ལས་རབ་ཏུ་བྱུང༌། དབང་ཁྲིད་ཐམས་ཅད་རྫོགས་པར་གསན། ལྕགས་གླང་ལོ་ཁོ་བའི་གདན་ས་མཛད། ལྷ་ཁང་ཆེན་མོ་དང་ཐུབ་པའི་ལྡེར་སྐུ་སོགས་བཞེངས། ལོ་སུམ་ཅུ་རྩ་ལྔར་བསྐྱང་བས་དགོན་པ་དར་བར་བྱུང༌། ང་དྲུག་ལ་གཤེགས། དེ་རྗེས་རིགས་དབོན་མང་དུ་བྱོན་ནས་བསྐྱངས་པ་ལ་ཁོ་ཕུག་བཀའ་བརྒྱུད་དུ་གྲགས། |