5479

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁོ་ཕུག་ཤེས་རབ་འོད་ཟེར་ (1)
Part of speech མིང་ཚིག
Definition ཁོང་ནི་ས་མོ་ཕག་ལ་འཁྲུངས། རྟོགས་ལྡན་གཞོན་ནུ་འབྱུང་གནས་ལས་རབ་ཏུ་བྱུང༌། གདམས་པ་ཐམས་ཅད་རྫོགས་པར་གསན། ཡོན་ཏན་དུ་མ་དང་ལྡན། དགུང་ལོ་ལྔ་བཅུ་ལ་རྫ་སྟོད་ཁོ་བའི་དགོན་བཏབ། ལོ་བཅུ་བཞི་ལ་འཚོགས་པ་བསྐྱངས། དྲུག་ཅུ་རེ་གསུམ་ལ་གཤེགས། རབ་བྱུང་ལྔ་པའི་ནང་ཙམ་ལ་བྱོན། (འཁྲུངས་འདས་མ་གསལ། )རིགས་དབོན་བསོད་ནམས་སེང་གེ་སོགས་སློབ་མ་མང་དུ་བྱོན། རི་དགོན་བཅོ་བརྒྱད་དུ་གྲགས་པའི་ནང་གི་ཁོ་ཕུག་བཀའ་བརྒྱུད་ཀྱི་བླ་མ་དང་པོ་དེ་ཡིན།