From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མི་ (1)
| Part of speech
|
མིང་ཚིག
|
| Definition
|
སྨྲ་ཤེས་ཤིང་དོན་གོ་བ། བཅའ་དངོས་སྣ་ཚོགས་བཟོ་བསྐྲུན་ཤེས་ཤིང་། ཡོ་བྱད་བཀོལ་ནས་ངལ་རྩོལ་བྱེད་ཤེས་པའི་སེམས་ཅན་ཁྱད་པར་པ་ཞིག་ཡིན།
|
| Keyword
|
True
|
| Synonyms
|
མི། ན་ར། གྱོག་ཆེན། རྐང་གཉིས་པ། འགྲེང་འགྲོ། གང་ཟག མགོ་ནག ལྔ་སྐྱེས། ཏ་ལའི་རྐང་པ། བདེན་ཞེན་དབང་གྱུར། མ་ནུའི་བུ། མ་ནུ་སྐྱེས། ཚུར་མཐོང་། ཚུ་རོལ་མཐོང་བ། ཚུར་མཐོང་། ཞིང་སྐྱེས། ཡིད་ལས་སྐྱེས། ཤེད་བུ། ཤེད་ལས་སྐྱེས། ཤེས་རབ་ཅན། བློ་ལྡན། ཤེས་ལྡན། ཡིད་ལྡན། སོ་སོ་སྐྱེ་བོ། སོ་སོ་སྐྱེ་བོ། སོ་སྐྱེ། སྐྱེ་བོ། སྐྱེས་བུ། སྲིད་པ།
|
མི་ (1)
| Part of speech
|
ཚབ་ཚིག
|
| Definition
|
སྐབས་འགར་མི་གཞན་པ་ཞེས་པའི་དོན་ལའང་འཇུག་སྟེ།
|
| Keyword
|
True
|
| Example
|
རང་སར་མི་བཞག། མི་སར་རང་བཞག་ནས་བསམ་བློ་ཐོང་ལྟ་བུ།
|
མི་ (1)
| Part of speech
|
ཕྲད་ཚིག
|
| Definition
|
བྱེད་ཚིག་ད་ལྟ་བ་དང་བྱ་འགྱུར་མ་འོངས་པའི་སྔོན་ལ་སྦྱོར་ཚེ་དགག་པ་སྟོན་བྱེད་ཀྱི་སྒྲ་ཞིག་སྟེ།
|
| Keyword
|
True
|
| Example
|
མི་གཅད། མི་བྱ། མི་འདྲུད། མི་གཅོད། མི་འབྲི་ལྟ་བུ།
|
མི་ (2)
| Part of speech
|
ཕྲད་ཚིག
|
| Definition
|
རྒྱན་ཚིག་གི་ཐོག་མར་འཇུག་པའི་དགག་སྒྲའི་རྐྱེན་ཞིག་སྟེ།
|
| Keyword
|
True
|
| Example
|
མི་མཛེས། མི་ཆེ། མི་རིང་། མི་ཆུང། ཤ་མདོག་མི་དཀར་ལྟ་བུ།
|