55005

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་གཏོང་བའི་ཆོས་ཉི་ཤུ་ (1)
Part of speech མིང་ཚིག
Definition འདུལ་བ་བསྡུས་པ་ལས་བྱུང་བ་སྟེ། ༡ ང་རྒྱལ་མི་གཏང་བས་དགེ་འདུན་ལ་སྤུ་མི་སྙོལ་བ། ༢ ཆད་པའི་ལས་ཇི་སྐད་བསྟན་པ་རྣམས་མི་གཏོང་བས་འབྱུང་བར་མི་བསྐྱོད་པ། ༣ ཅི་ལྟར་འོས་པ་བཞིན་དུ་མཆོད་པའི་ཆོ་གས་སྡུད་པར་མི་སྟོན་པ། ༤ མཚམས་ཀྱི་ནང་དུ་གནས་ལ་དབྱུང་བར་གསོལ་བ་མི་འདེབས་པ། ༥ ཇི་ལྟར་བྱས་པའི་ཉེས་པ་ལས་མི་ལྡོག་པ། ༦ རྒྱལ་པོ། ༧ བསྐོས་པ་འདུ་བའི་ས། ༨ མུ་སྟེགས་ཅན། ༩ གང་ཟག་ལ་རྟོན་པ། ༡༠ དགེ་འདུན་ལ་མི་རྟོན་པ། ༡༡ ཁྱིམ་པ། ༡༢ མུ་སྟེགས་ཅན་གྱི་རྒྱལ་མཚན་ཐོགས་པ། ༡༣ མུ་སྟེགས་ཅན་ལ་བརྟེན་པ། ༡༤ ལྟུང་བ་ཀུན་ཏུ་སྤྱོད་པ། ༡༥ དགེ་སློང་གི་བསླབ་པ་ལ་མི་སློབ་པ། ༡༦ དགེ་སློང་རྣམས་ལ་གཤེ་བ། ༡༧ ཁྲོ་བ། ༡༨ མཚང་འདྲུ་བ། ༡༩ དགེ་འདུན་གྱི་རྙེད་པ་མེད་པར་བྱེད་པ། ༢༠ གནས་མེད་པར་བྱེད་པ་སེམས་པ་བཅས་སོ། །
Domain ཆོས་ལུགས།