55006

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་གདམས་ཕྱིར་རྩོད་པ་ཞི་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། མི་གདམས་ཕྱིར་རྩོད་པ་ཞི་བྱེད་ནི པཎ་ཆེན་འདུལ་བ་ལས། རྒྱུ་དང་བཅས་པའི་རྩོད་པ་ནི་མངོན་སུམ་གྱིས་ཞི་བར་བྱེད། རྒྱུ་མེད་པའི་རྩོད་པ་ནི་དག་པ་སྦྱིན་པས་ཞི་བར་བྱེད་པའི་ཕྱིར། ཕྱི་མ་གྲུབ་སྟེ། རྒྱུ་མེད་པའི་རྩོད་པ་དེ་ལ་གཞི་མེད་པའི་རྩོད་པ། གཞི་གཞན་རྗེས་སུ་སྒྲུབ་པའི་རྩོད་པ། ཕྱིར་བཅོས་ལ་མི་ལྟོས་པའི་རྩོད་པ། སྨྱོན་པས་བྱས་པའི་རྩོད་པ་དང་བཞི་ཡོད་པ་ལས། དང་པོ་གསུམ་དྲན་པས་འདུལ་བ་སྦྱིན་པས་ཞི་བར་བྱེད། ཕྱི་མ་ནི་མ་སྨྱོས་པས་འདུལ་བ་སྦྱིན་པས་ཞི་བར་བྱེད་པའི་ཕྱིར། དྲན་པས་འདུལ་བ་སྦྱིན་པའི་དོན་ཡོད་དེ། དགེ་སློང་འདིས་ལྟུང་བ་བྱས་པ་མ་དྲན་པས་འདི་ལ་ཉེས་པ་མེད་དོ་ཞེས་གསོལ་བཞིའི་ལས་ཀྱིས་དག་བྱ་སྟེར་བ་ལྟ་བུ་ཡིན་པའི་ཕྱིར། མ་མྱོས་པས་འདུལ་བ་སྦྱིན་པའི་དོན་ཡང་ཡོད་དེ། དགེ་སློང་འདིས་བསམ་པ་རང་བཞིན་དུ་གནས་པའི་ཚེ་ལྟུང་བ་མ་སྤྱད་པས་ཉེས་པ་མེད་དོ། །ཞེས་གསོལ་བཞིའི་ལས་ཀྱིས་དག་བྱ་སྟེར་བ་ལྟ་བུ་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།