55007

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་གདུང་བ་ (1)
Part of speech མིང་ཚིག
Definition གཙང་མའི་གནས་ལྔའི་ནང་གསེས་ཤིག བསམ་གཏན་བཞི་པའི་གནས་ལྔ་པའི་ལྷ་རྣམས་ཏེ། གནས་དེར་སྐྱེས་པའི་ལྷ་ནི་བསམ་གཏན་ཁྱད་པར་ཅན་ཐོབ་པས་ཉོན་མོངས་པས་གདུང་བར་མི་ནུས་པའི་ཕྱིར་མི་གདུང་བ་ཞེས་བྱའོ། །དེ་དག་གི་ལུས་ཚད་ནི་དཔག་ཚད་ཉིས་སྟོང་ངོ་། །དེའི་གནས་ལ་ཉིན་མཚན་མེད་པས་དེའི་ཚེ་ཚད་ནི་རང་གི་ལུས་ཀྱི་ཚད་གཞལ་བའི་དཔག་ཚད་ཀྱི་གྲངས་ཀྱི་ཚད་ཀྱི་བསྐལ་པ་ཡིས་འཇལ་བ་ཡིན་ཏེ། འདི་ལྟར་ཚེ་ཚད་ནི་བསྐལ་པ་ཉིས་སྟོང་ངོ་། །
Domain ཆོས་ལུགས།