55010

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་གནས་པ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཉེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། འདི་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་མི་གནས་པ། སེམས་ཅན་ཐམས་ཅད་ལ་མི་གནས་པ། ཆོས་ཐམས་ཅད་ལ་མི་གནས་པ། བྱ་བ་ཐམས་ཅད་ལ་མི་གནས་པ། དགེ་བའི་རྩ་བ་ཐམས་ཅད་ལ་མི་གནས་པ། སྐྱེ་བ་སྐྱེ་མཆེད་ཐམས་ཅད་ལ་མི་གནས་པ། སྨོན་ལམ་ཐམས་ཅད་ལ་མི་གནས་པ། སྤྱོད་པ་ཐམས་ཅད་ལ་མི་གནས་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མི་གནས་པ། སངས་རྒྱས་ཐམས་ཅད་ལ་མི་གནས་པའོ། །
Domain ཆོས་ལུགས།
མི་གནས་པ་བཅུ་ (2)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་སུམ་ཅུ་སོ་གསུམ་པའི་ཏིང་ངེ་འཛིན་གྱི་ལེའུ་ལས་བྱུང་བ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་མི་གནས་པ། ཕྱོགས་ཐམས་ཅད་ལ་མི་གནས་པ། བསྐལ་པ་བ་ཐམས་ཅད་ལ་མི་གནས་པ། སེམས་ཅན་ཐམས་ཅད་ལ་མི་གནས་པ། ཆོས་ཐམས་ཅད་ལ་མི་གནས་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་མི་གནས་པ། བྱང་ཆུབ་སེམས་དཔའི་སྨོན་ལམ་ཐམས་ཅད་ལ་མི་གནས་པ། ཏིང་ངེ་འཛིན་ཐམས་ཅད་ལ་མི་གནས་པ། སངས་རྒྱས་ཐམས་ཅད་ལ་མི་གནས་པ། ས་ཐམས་ཅད་ལ་མི་གནས་པའོ། །