55023

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་གཡེང་དོན་གྱི་ཕྱག་རྒྱ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། ཅིར་ཡང་སྤྲུལ་པའི་སྐུའི་ཕྱག་རྒྱ་ཉེར་ལྔའི་ནང་ཚན་གྲངས་གནས་བརྒྱད་པ་དེ་ཡིན་ལ། དེ་ཡང་གཞན་སྣང་དུ་ཤར་བའི་སྤྲུལ་སྐུའི་འགྲོ་འདུལ་ཕྲིན་ལས་ཀྱི་ལྡོག་ཆ་ལས་ཕྱེ་བ་སྟེ། གསང་བ་འདུས་པའི་དོན་གྱི་རྒྱུད་ལས། དོན་(ལ་)སྤང་བླང་ཡོད་མི་སྲིད། གཡང་(ས་)བསྐྱུར་ནས་འཁོར་ཚོགས་སྤངས། མི་ཡེངས་དོན་གྱི་ཕྱག་རྒྱ་ཡིན། ཞེས་གསུངས་པས། དེ་དག་གི་ཚིག་དོན་ནི། སྤྲུལ་པའི་སྐུ་ཡིས་འཁོར་འདས་ཐམས་ཅད་གཉིས་མེད་མཉམ་པ་ཆེན་པོའི་དོན་རྟོགས་པ་མཐར་ཐུག་པས། བཟང་ངན་སོགས་ལ་གཉིས་སྣང་གིས་བླང་འདོར་མི་སྲིད་ཀྱང་། གདུལ་བྱ་རྣམས་བཀྲི་དྲང་གི་ཐབས་སུ་འདུ་འཛིའི་གཡང་ས་སྤང་ཕྱིར། འཁོར་ཚོགས་ཀྱི་གཡེང་བ་སྤངས་ནས་ཏིང་ངེ་འཛིན་གྱི་དགོངས་པ་ལ་བཞུགས་པའི་ཐབས་སྟོན་པར་མཛད་པའི་དོན་ནོ། །
Domain ཆོས་ལུགས།