From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མི་གཡོ་བ་ (1)
| Part of speech
|
མིང་ཚིག
|
| Definition
|
འགུལ་སྐྱོད་མེད་པའམ༌བརྟན་པོ།
|
| Example
|
སུ་གང་གི་ཕྱོགས་སུའང་མི་གཡོ་བར་བརྟན་པོ་བྱས་ནས་འདུག་དགོས་ལྟ་བུ།
|
མི་གཡོ་བ་ (2)
| Part of speech
|
མིང་ཚིག
|
| Definition
|
ནམ་མཁའ་སྟེ། གཡོ་འགུལ་གང་ཡང་མེད་པས་ནའོ། །
|
| Type
|
མངོན་བརྗོད།
|
མི་གཡོ་བ་ (3)
| Part of speech
|
མིང་ཚིག
|
| Definition
|
རི་བོ་སྟེ། གཡོ་འགུལ་མེད་པར་གནས་པས་ནའོ། །
|
མི་གཡོ་བ་ (4)
| Part of speech
|
མིང་ཚིག
|
| Definition
|
ས་གཞི་སྟེ། གཡོ་མེད་བརྟན་ཆགས་སུ་གནས་པས་ནའོ། །
|
མི་གཡོ་བ་ (5)
| Part of speech
|
མིང་ཚིག
|
| Definition
|
སྔགས། ཁྲོ་བོ་བཅུའི་ནང་གསེས་ཤིག
|
| Domain
|
ཆོས་ལུགས།
|
མི་གཡོ་བ་ (6)
| Part of speech
|
མིང་ཚིག
|
| Definition
|
སྔགས། ཨ་ནུ་ཡོ་ག རྙིང་མ། བདག་དོན་ལྷུན་གྱིས་གྲུབ་པའི་གྲུབ་པ་རྟགས་ཀྱི་ཕྱག་རྒྱའི་ཁོངས་གཏོགས་ཏེ། འདིའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། ཏིང་འཛིན་གསུམ་ལས་མི་ཡེངས་པར་ཐུགས་ལ་འགྲོ་འོང་འབྱུང་འཇུག་གི་ངེས་གསུམ་བྲལ་ཏེ་མི་གཡོ་བའི་བརྡར་ཤར་བ་ཤངས་སུ་གྲུབ་པ་སྟེ། ལྷ་རྒྱུད་ལས། ཤངས་གསུམ་སྲོག་ལ་མངའ་མཛད་ཏིང་འཛིན་གསུམ། །དེ་བཞིན་ཉིད་རྒྱུ་ཀུན་སྣང་ཞེས་བྱའོ། །ཞེས་གསུངས།
|