55026
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཇོ་ནང་། མི་གཡོ་བའི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་བཅོ་ལྔ་པ་ཡིན། བརྗོད་བྱ་ནི། ཁྲོ་བོ་མི་གཡོ་བའི་བསྐྱེད་བཟླས་ཀྱི་དམིགས་རྣམ་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། མི་གཡོ་མགོན་པོ་དཔལ་ལྡན་ཨ་ཏི་ཤ དབང་ཕྱུག་རྒྱལ་མཚན་སྣེ་ཟུར་ཡེ་ཤེས་འབར། རྡོ་རྗེ་སེང་གེ་ཞང་སྟོན་སེང་གེ་སྐྱབས། མཆིམས་ཆེན་སྐྱོ་སྟོན་ཟེའུ་རྣམ་པ་གཉིས། མཆིམས་སྟོན་གྲོ་སྟོན་སྤང་སྟོན་གྲགས་སྟོན་པ། ཡོན་ཏན་དཔལ་པ་ཀུན་དགའ་མཆོག་གྲུབ་ཞབས། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག ནས། གསོལ་བ་འདེབས། ཞེས་པའི་བར་གཞན་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། སྔོན་གྱི་ཡིག་སྙིང་ལས་བཏུས་སོ། །ཞེས་འབྱུང་ངོ་། ། |
| Domain | ཆོས་ལུགས། |