From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མི་གཡོ་བའི་ཆོས་ཅན་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། མངོན་པ། དགྲ་བཅོམ་འབྲས་གནས་ཀྱི་ནང་ཚན་ཞིག་སྟེ།
|
| Example
|
ཇི་ལྟར་བྱས་ཀྱང་མཐོང་ཆོས་ལ་བདེར་གནས་ཀྱི་བསམ་གཏན་ལས་ཉམས་པར་མི་འགྱུར་པའི་དགྲ་བཅོམ་འབྲས་གནས་རང་བཞིན་གྱིས་དབང་པོ་བརྣོན་པོ་ལྟ་བུ་ལ་འཇོག་ལ།
|
| Domain
|
ཆོས་ལུགས།
|
མི་གཡོ་བའི་ཆོས་ཅན་ (2)
| Part of speech
|
མིང་ཚིག
|
| Definition
|
མི་གཡོ་བའི་ཆོས་ཅན་གྱི་དགྲ་བཅོམ་པའི་མཚན་ཉིད། དབང་པོ་རྣོན་པོ་སྦྱོར་བ་གཉིས་ཀ་དང་ལྡན་པས་འདོད་ཡོན་གྱིས་ནམ་ཡང་མི་ཉམས་ཤིང་དབང་པོ་སྦྱོང་མི་དགོས་པའོ་ཞེས་ཀུན་མཁྱེན་གོ་རམས་པའི་སྐྱེས་བུ་མཆོག་གི་གསལ་བྱེད་ལས་སོ། །
|