55032

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་གཡོ་བའི་ལས་ (1)
Part of speech མིང་ཚིག
Definition ལས་གསུམ་གྱི་ཡ་གྱལ་ཞིག་སྟེ། དེ་ནི་ཁམས་གོང་མ་ལས་སྐྱེས་པས་གཟུགས་དང་གཟུགས་མེད་ན་སྤྱོད་པའི་དགེ་བའི་ལས་སོ། །གང་གི་ཕྱིར་ས་ནི་དེ་དག་ཏུ་ལས་རྣམ་པར་སྨིན་པ་རྣམ་པར་གནས་པའི་ཕྱིར་རོ། །མི་གཡོ་བའི་ཕྱིར་དེ་ལ་མི་གཡོ་བ་ཞེས་བཞག་གོ །དེ་ཡང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ལས་ནི་ས་གཞན་དུ་རྣམ་པར་སྨིན་པར་ནམ་ཡང་མི་ནུས་སོ། །དེ་ལྟ་བས་རྣམ་པར་གནས་པའི་ཕྱིར་མི་གཡོ་བ་ཞེས་བྱའོ། །འདོད་པ་ན་སྤྱོད་པའི་ལས་ནི་གཡོ་བ་ཞེས་བྱས་ཏེ། བོང་དང་། སྟོབས་དང་ཁ་མདོག་དང་། བདེ་བ་དང་། ལོངས་སྤྱོད་ལ་སོགས་པར་འགྱུར་བའི་ལས་ལྷ་དག་གི་ནང་དུ་རྣམ་པར་སྨིན་པར་འགྱུར་བ་གང་ཡིན་པ་དེ་ཉིད་རེ་འགའ་རྐྱེན་གཞན་གྱི་དབང་གིས་མི་དང་དུད་འགྲོ་དང་ཡི་དྭགས་ཀྱི་ནང་དུ་རྣམ་པར་སྨིན་པར་འགྱུར་བའི་ཕྱིར་རོ། །
Domain ཆོས་ལུགས།