55053

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་ངས་ (1)
Part of speech མིང་ཚིག
Definition མི་ནད་དམ་རིམས་ནད་ཟེར་བའི་འགོ་ནད་ཅིག་སྟེ། དག་ཡིག་ཤེས་བྱ་རབ་གསལ་ལས། མི་ངས་ཞེས་པ་རིམས་ནད་དམ། །མི་ནད་ཅེས་དང་། ཡང་། བརྡ་ཡིག་བློ་གསལ་མགྲིན་རྒྱན་ལས། མི་ངས་ནི་མུ་གེའི་དུས་ཀྱི་རིམས་ནད། ཅེས་འགོ་ནད་ལ་ངོས་བཟུང།
Example འདུལ་བ་ལུང་རྣམ་འབྱེད་ལས། རི་བྲག་དེར་མི་ངས་ཕྱུང་སྟེ་སྐྱེ་བོ་ཕལ་པོ་ཆེ་ཤི་བར་གྱུར་ནས་སྐྱེ་བོ་ཤི་བའི་རོ་ཕྱིར་འབྱིན་པ་ན། ཁྲི་དང༌། ཁྲིའུ་དག་འདོམ་པར་གྱུར་ཏོ། །ཞེས་པ་ལྟ་བུ།
Domain གསོ་རིག
མི་ངས་ (2)
Part of speech མིང་ཚིག
Definition མུ་གེ་ལ་གོ་སྟེ། དག་ཡིག་ཤེས་བྱ་རབ་གསལ་ལས། མི་ངས་ཞེས་པ་རིམས་ནད་དམ། །མི་ནད་དང་ནི་མུ་གེ་འོ། །ཞེས་གསུངས།
Example འདུལ་བའི་གླེང་འབུམ་ལས། དགེ་སློང་ནག་པོ་ཆེན་པོ་ནི། ལྷུང་བཟེད་དང༌། ཆོས་གོས་དང༌། བསོད་སྙོམས་དང༌། གནས་མལ་རྣམས་དུར་ཁྲོད་པ་ཡིན་ཏེ། དུས་ཁྲོད་དུ་བོར་བའི་རྫ་ཁ་ཤོགས་ནས་ལྷུང་བཟེད་བྱེད། རོ་གོས་ལ་ཆོས་གོས་བྱེད། ཤི་བའི་ཟས་ལྔ་ལ་བསོད་སྙོམས་སུ་བྱེད། དུར་ཁྲོད་ན་གནས་ཏེ། མི་ངས་བྱུང་བ་ན་ཚོ་ཞིང་ལུས་རྒྱས། གྲོང་དུ་བསོད་སྙོམས་ལ་མི་འགྲོ། མི་ངས་མ་བྱུང་བའི་ཚེ་རིད་ཅིང་ཉམ་ཆུང་ལ་བསོད་སྙོམས་ལ་འཇུག་གོ །སྒོ་བས་དེ་མཚན་མར་བཟུང་ནས་མི་ཤ་ཟའམ་སྙམ། ཞེས་པ་ལྟ་བུ།
མི་ངས་ (3)
Part of speech མིང་ཚིག
Definition འཐབ་རྩོད་ཀྱི་ལྷོང་ལ་གོ །