55058

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་ཆགས་བརྟུལ་ཤུགས་ཕྱག་རྒྱ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། ཅིར་ཡང་སྤྲུལ་པའི་སྐུའི་ཕྱག་རྒྱ་ཉེར་ལྔའི་ནང་ཚན་གྲངས་གནས་དྲུག་པ་དེ་ཡིན་ལ། དེ་ཡང་གཞན་སྣང་དུ་ཤར་བའི་སྤྲུལ་སྐུའི་འགྲོ་འདུལ་ཕྲིན་ལས་ཀྱི་ལྡོག་ཆ་ལས་ཕྱེ་བ་སྟེ། གསང་བ་འདུས་པའི་དོན་གྱི་རྒྱུད་ལས། རྒྱན་དང་ཆ་ལུགས་བྲལ་མི་སྲིད། འཁོར་བ་སྤངས་ཕྱིར་བྱི་དོར་སྤངས། མི་ཆགས་བརྟུལ་ཤུགས་ཕྱག་རྒྱ་ཡིན། ཞེས་གསུངས་པས། དེ་དག་གི་ཚིག་དོན་ནི། སྔོན་ཚེ་སློབ་ལམ་དུ་སྦྱིན་པ་སོགས་སྐུ་གསུམ་ཐོབ་བྱེད་ཀྱི་ཚོགས་གཉིས་རྫོགས་པར་བསགས་པའི་མཐུ་ལས་བྱུང་བ། རྫོགས་སྐུའི་མཚན་དཔེ་དང་རྒྱན་དང་ཆ་ལུགས་རྣམས། གདུལ་བྱ་ལས་དག་གི་ངོར་ཡོངས་སུ་རྫོགས་པར་མངའ་བ་ལས་བྲལ་བ་དང་ཆད་པ་མི་སྲིད་ཀྱང་། མ་དག་པའི་སྣང་ངོར་འཁོར་བའི་ཆགས་ཞེན་དང་གཙང་དམེ་གཉིས་འཛིན་གྱི་རྟོག་པ་གཞོམ་པའི་བརྡ་རུ། སྐུ་རྒྱན་སོགས་བཟང་ངན་མ་ངེས་པར་སྤྲུལ་ཏེ་གཙང་སྤྱོད་བྱི་དོར་གྱི་བྱ་བྱེད་རྣམས་སྤང་བའི་དཀའ་སྤྱད་བརྟུལ་ཤུགས་ཀྱི་ཐབས་སྟོན་པར་མཛད་པའི་དོན་ནོ། །
Domain ཆོས་ལུགས།