55067

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་ཆོས་ (1)
Part of speech མིང་ཚིག
Definition མིའི་གྲལ་དུ་འགྲོ་སྟངས་དང་སྡོད་ལུགས་ཏེ། མི་ཞིག་ཡིན་པའི་ངོས་ནས་ཅི་ཞིག་བསྒྲུབ་འོས་པ་དང་། གང་ཞིག་བསྒྲུབ་མི་འོས་པ་སྟོན་པའི་བསླབ་བྱ་ལ་གོ །
Example མི་ཆོས་མ་ཤེས་ན་མི་གྲལ་དུ་ཚུད་དཀའ་ཙམ་གདའ་ལྟ་བུ།
མི་ཆོས་ (2)
Part of speech མིང་ཚིག
Definition འགྲོ་བ་མིའི་བྱ་སྤྱོད་དེ། མི་དང་མི་ཕན་ཚུན་བར་གྱི་ཕན་བདེ་ལ་སེམས་ཁུར་དང་། མི་ཡི་ཆེ་མཐོང་དང་རང་བཞིན་ལ་གཙི་འཇོག་བྱེད་པའི་བྱ་སྤྱོད།