55072

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་ཆོས་བཅུ་དྲུག་ (1)
Part of speech མིང་ཚིག
Definition བཻ་རོ་ཙཱ་ནའི་ཞལ་ནས་གསུངས་པའི་མི་ཆོས་ཏེ། ཨེ་མ། ལྷ་ཆོས་ཐར་པ་བསྒྲུབ་པར་མ་ནུས་ཀྱང༌། །མི་ཆོས་དྲང་པོ་ལུགས་བཞིན་སྤྱད་པ་ན། །མཐོ་རིས་ཐར་པ་ཐོབ་པར་ཐེ་ཚོམ་མེད། །མཐོ་རིས་ཐོབ་ན་ཐར་ལས་སྐས་ཁ་ཡིན། །མྱ་ངན་འདས་པའང་དེའི་རྩར་ཡོད་པས། །དཀོན་མཆོག་མཆོད་ཅིང་དད་པ་སྐྱོ་ངན་མེད། །དོན་དམ་འབྲས་བུ་ཆོས་ལ་ཤིན་ཏུ་མོས། །གཙུག་ལག་ལ་སོགས་འབྲི་ཀློག་ཁ་ཏོན་བསླབ། །བྱ་བ་གང་ལའང་རན་ཚོད་ཟིན་པར་བྱེད། །མ་བརྟག་ལས་ལ་མི་འཇུག་ཁ་མི་སྨྲ། །མཐོ་ལ་ཡར་བལྟ་གོང་མའི་རྗེས་སུ་སྙེགས། །ཕ་མ་ལ་སོགས་དྲིན་ལན་རིན་གྱིས་བརླན། །ཕུ་ནུ་ཕ་ཚན་ནང་དུ་ཤོང་ཡངས་བསྐྱེད། །རྒན་པ་ཀུན་ལ་རིན་པས་བཀུར་བསྟི་བྱེད། །ཁྱིམ་མཚེས་ལ་སོགས་འགྲོགས་མཁས་བྱམས་པ་དང༌། །ཤག་རིགས་དགའ་བཤེས་ཀུན་ལ་ཕན་ཡང་བཏགས། །སྲིད་འབྲེལ་གཉེན་འདུན་ཀུན་དང་མཐུན་པར་བྱ། །ལྟོས་པའི་མི་ལ་དྲིན་གྱི་སྐྱབས་འོག་གཞུག ། རྒྱལ་ཁམས་ཡུལ་སོགས་བདེ་བའི་གྲོས་གཞིར་བཟུང༌། །བུ་ཆུང་གཉེན་རྣམས་ཐབས་ཀྱི་ཆོས་ལ་འཛུད། །རང་གི་བློ་ཡང་ལས་མཐའ་ཆོས་ལ་གཏད། །དེ་ལྟར་བཅུ་དྲུག་སོས་སྤྱོད་ཚེ་འཕོས་ནས། །མི་ཡི་རྒྱལ་པོ་སུམ་ཅུ་རྩ་གསུམ་ལྟ། །བློན་ཆེན་ཐོབ་ནས་ཐར་པའི་ལམ་རྙེད་འགྱུར། །ཅེས་གསུངས་སོ། །
Domain ཆོས་ལུགས།