55073
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། དགེ་སློང་གིས་རང་ལ་གོང་མ་སོགས་ཀྱི་དངོས་གཞི་ཐོབ་པ་དེ་བསྙེན་པར་མ་རྫོགས་པ་ལ་ཐོབ་སོང་ཞེས་སྨྲས་པ་ལས་གྱུར་བའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། དགེ་སློང་གིས་མི་ཆོས་བླ་མ་ཐོབ་པ་དེ་ཡུལ་བསྙེན་པར་མ་རྫོགས་པ་སོགས་ལ་བརྗོད་པ་དོན་གོ་བ་ན་དེར་འགྱུར་བའི་ཕྱིར། གླེང་གཞི་ནི། ཉ་པའི་གྲོང་དུ་སྔོན་ཉ་པ་པར་གྱུར་བའི་དགེ་སློང་ལྔ་བརྒྱས་མིའི་ཆོས་བླ་མ་བདེན་པར་སྨྲ་པ་ལས་འོད་མ་ཅན་གྱི་གྲོང་དུ་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རྫུན་དུ་སྨྲས་སོ་ཞེས་རང་ལ་སྐུར་བ་འདེབས་པའི་རྒྱུར་འགྱུར་བ་དང་། གཞན་རྫུན་དུ་སྨྲ་བའི་རྒྱུར་འགྱུར་བའོ། །ཞེས་གསུངས། |
| Domain | ཆོས་ལུགས། |