55075

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་ཆོས་བླ་མ་བརྗོད་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས་ཤིག་སྟེ། གླེང་གཞི་ནི་ཉ་པའི་གྲོང་དུ་སྔོན་ཉ་པར་གྱུར་པའི་དགེ་སློང་ལྔ་བརྒྱས་མིའི་ཆོས་བླ་མ་བདེན་པར་སྨྲས་པ་ལས་འོད་མ་ཅན་གྱི་གྲོང་དུ་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རྫུན་དུ་སྨྲས་སོ་ཞེས་རང་ལ་སྐུར་པ་འདེབས་པའི་རྒྱུར་འགྱུར་བ་དང་། ཡོན་ཏན་སྨྲ་བ་དེ་ལ་འགྲན་ནས་སྨྲ་བར་འགྱུར་བ་སྟེ། གཞན་རྫུན་དུ་སྨྲ་བའི་རྒྱུར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་རང་གིས་མིའི་ཆོས་བླ་མ་ཐོབ་པ་དེ་སྨྲ་ཡུལ་བསྙེན་པར་མ་རྫོགས་པ་ལ་བདེན་པར་སྨྲས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། བདེན་པ་ཉིད་ནའོ། །བདེན་པ་མ་མཐོང་བ་བསྙེན་པར་མ་རྫོགས་པ་ལའོ། །ཞེས་པས་བསྟན། ངོ་བོ་ནི། དགེ་སློང་གིས་ཡུལ་བསྙེན་པར་མ་རྫོགས་པ་དང། རྫོགས་ཀྱང་བདེན་པ་མ་མཐོང་བ་ལ་དགོས་པ་ཁྱད་པར་ཅན་མེད་བཞིན་དུ་རང་གིས་མི་ཆོས་བླ་མའི་ཡོན་ཏན་ཐོབ་པ་ལ་ཐོབ་བོ་ཞེས་བདེན་པར་སྨྲ་བར་བྱེད་པའི་ཁ་ན་མ་ཐོ་བའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།