55080

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་ཉག་དཔལ་ལྡན་བསྟན་པའི་ཉི་མ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་པའི་ས་ཡོས་ཕྱི་ལོ ༡༨༡༩ ལོར་མཚོ་སྔོན་ཁྲི་ཤོག་རྒྱལ་མོའི་བྱང་ངོས་འཇུ་ལག་ཀླུང་ཆེན་འགྲམ་དུ་ཡབ་ཇུང་ཝང་ཚེ་རིང་དོན་གྲུབ་དང་། ཡུམ་ལྷ་མོ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བདུན་པར་སྐུ་གོང་མའི་ཡང་སྲིད་དུ་ངོས་བཟུང་། སྐུ་འབུམ་དགོན་པའི་རང་སྒར་གྱི་གདན་སར་བཀོད། སྐྱབས་རྗེ་ཆུ་བཟང་བློ་བཟང་ཐུབ་བསྟན་རབ་རྒྱས་སོགས་ལས་རབ་བྱུང་དང་། དགེ་ཚུལ། བསྙེན་རྫོགས་བཅས་རིམ་གྱིས་མནོས། བཅུ་གཉིས་ནས་དཔལ་ལྡན་བཤད་སྒྲུབ་གླིང་དུ་གཞུང་ཆེན་ལྔར་ཐུགས་བརྩོན་མཛད། རྒྱུད་པ་གྲྭ་ཚང་དུ་བླ་མེད་ཀྱི་རྒྱུད་འགྲེལ་བཅས་ལ་སྦྱངས་པ་གནང་། ཉེར་གཉིས་པར་སྨན་པ་དཔོན་སློབ་ཀྱི་ཁྲིར་བྱོན། ཆོས་ཁྲིམས་དང་སློབ་གཉེར་བཅས་ལ་དོ་དམ་གནང་། སྨད་སོག་ཡུལ་དུ་ཕེབས་ཏེ་ཆོས་འཁོར་བསྐོར། ཞེ་བདུན་པ་རབ་བྱུང་བཅུ་བཞི་པའི་ཤིང་གླང་ཕྱི་ལོ་ ༡༨༦༥ ལོར་སྐུ་འབུམ་དགོན་པའི་གདན་ཁྲིར་བཞུགས། ལོ་གཅིག་རིང་གདན་ས་བསྐྱངས། ཁྲི་ཟུར་ནས་ཏུ་ལན་དགོན་པར་བསྟན་དོན་མཛད། སླར་སྐུ་འབུམ་དགོན་དུ་རེ་ཞིག་བཞུགས་ཏེ་བཀའ་ཆོས་བསྩལ། ཁྲི་ཀའི་མི་ཉག་གྲྭ་ཚང་རྟག་བཞུགས་གནང་། གྱ་གསུམ་པ་རབ་བྱུང་བཅོ་ལྔ་པའི་ལྕགས་གླང་ཕྱི་ལོ ༡༩༠༡ ལོར་ཁྲི་ཀའི་རང་དགོན་དུ་སྐུ་གཤེགས། སྐུ་འབུམ་དགོན་གྱི་གདན་རབས་དྲུག་ཅུ་ཐམ་པ་ཡིན།