55082
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གཅིག་པའི་ཤིང་ཡོས་ཕྱི་ལོ་ ༡༦༧༥ ལོར་འཁྲུངས། ཁོང་རྒྱུད་པའི་ཁྲི་ལ་བཞུགས་མྱོང་། དོན་བཞི་པ་རབ་བྱུང་བཅུ་གསུམ་པའི་ས་སྦྲུལ་ཕྱི་ལོ་ ༡༧༤༩ ལོར་སྐུ་འབུམ་དགོན་གྱི་གདན་ཁྲིར་བཞཱུགས། གདན་ས་ལོ་བཞིའི་རིང་བསྐྱངས། ལྕང་སྐྱ་ཧོ་ཐོག་ཐུ་ཡེ་ཤེས་བསྟན་པའི་སྒྲོན་མེ་རྒྱ་ནག་ནས་གདན་ས་འདིར་ཕེབས། སྤྱི་འཇོག་དངུལ་སྲང་སྟོང་ལྷ་ཙམ་དང་། མཆོད་རྫས་སྣ་ཚོགས་ཕུལ། དགེ་འདུན་པར་མང་འགྱེད་སོགས་གནང་། གོང་མ་ཆིང་ལུང་གིས་གསེར་སྡོང་ཆེན་མོར་བཀས་བསྔགས་འི་ཙི་པན་སོགས་གསེར་སྡོང་ཆེན་མོར་བཞུགས། འདུ་ཁང་ཆེན་མོར་བཀས་བསྔགས་པའི་ཙི་པན་སོགས་འདུ་ཁང་ཆེན་མོའི་ནང་དུ་བཞུགས། དོན་བརྒྱད་པ་རབ་བྱུང་བཅུ་གསུམ་པའི་ཆུ་བྱ་ཕྱི་ལོ་ ༡༧༥༣ ལོར་སྐུ་གཤེགས། སྐུ་འབུམ་དགོན་གྱི་གདན་རབས་ཉེར་བདུན་པ་ཡིན། |