55083
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་དགུ་པའི་དཀྱིལ་དུ་མདོ་ཁམས་མགར་ཐར་དུ་འཁྲུངས། གཞོན་དུས་ནས་མི་ཉག་སྐྱིད་ལེགས་དགོན་དུ་ཞུགས། བསྡུས་གཞུང་དང་ཐ་སྙད་རིག་གནས་བཅས་སྦྱངས། དབུས་ལྷ་ལྡན་གྱི་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས། ཁྲི་ཆེན་གྱ་གཅིག་པ་ངག་དབང་ནོར་བུ་དང་། ཀེའུ་ཚང་བློ་བཟང་བསྟན་འཛིན་ཡར་རྒྱས། གླིང་སྤྲུལ་བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས་སོགས་བཤེས་གཉེན་དུ་བསྟེན། གཞུང་ཆེན་ལྔ་དང་། གསང་ཆེན་རྒྱུད་སྡེ་བཞི་ཐོས་བསམ་ལེགས་པར་མཛད། གསུང་རྩོམ་ནི་ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་བ་སློབ་དཔོན་ཤེས་རབ་གོ་ཆའི་རྒྱ་འགྲེལ་ཚིག་ཕལ་ཆེར་སོར་བཞག་བགྱིས་པ་དང་། ལམ་རིམ་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་གི་ཟིན་བྲིས་བཅས་པོད་གཉིས་བཞུགས། |