55084
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གསུམ་པའི་ཤིང་ཕག་ཕྱི་ལོ ༡༧༥༥ ལོར་འཁྲུངས། རབ་བྱུང་བཅུ་བཞི་པའི་ས་སྟག་ཕྱི་ལོ ༡༨༡༨ ལོར་སྐུ་གཤེགས། སྨན་པ་དཔོན་སློབ་ཀྱི་ཁྲི་དང་། རྒྱུད་པ་གྲྭ་ཚང་གི་ཁྲིར་རིམ་གྱིས་བྱོན། འགྲིག་ལམ་དང་ ཀུན་སྤྱོད། སློབ་གཉེར་བཅས་ལ་དོ་དམ་མཛད། ཞེ་བདུན་པ་རབ་བྱུང་བཅུ་གསུམ་པའི་ཆུ་ཁྱི་ཕྱི་ལོ ༡༨༠༢ ལོར་སྐུ་འབུམ་དགོན་གྱི་གདན་ཁྲིར་བཞུགས། གདན་ས་ལོ་ངོ་གཉིས་རིང་བསྐྱངས། བཙན་ཁང་ཆེན་མོའི་ཁྱམས་ར་ཞིག་གསོས་གནང་། སྐུ་འབུམ་དགོན་གྱི་གདན་རབས་སོ་བརྒྱད་པ་ཡིན། |