55087
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མཁན་ཆེན་གཞན་དགའ་རིན་པོ་ཆེའི་ཞལ་སྔ་ནས་ཐུགས་དམ་མཛད་པ་བཞིན་མཆོག་སྤྲུལ་འཇིིགས་མེད་ཆོས་ཀྱི་འོད་ཟེར་རིན་པོ་ཆེ་མཆོག་གིས། བསྟན་པ་སྤྱི་དང་ལྷག་པར་དུ་མི་ཉག་ཕྱོགས་ཀྱི་བསྟན་པ་སྤྱི་ལ་དགོངས་ཏེ། རབ་བྱུང་བཅོ་ལྔ་མེ་ཕོ་སྟག ཕྱི་ལོ་ ༡༩༢༦ ལོར་བཤད་གྲྭ་གསར་དུ་བཙུགས། མཁན་ཆེན་གཞན་དགའི་དངོས་སློབ་གངས་དཀར་བཤད་སྒྲུབ་ཀརྨ་ཆོས་ཀྱི་སེང་གེ་དང་། རྫོང་སར་བཤད་གྲྭ་ཐོག་མར་འཛུགས་སྐབས་ཀྱི་གཞན་དགའ་རིན་པོ་ཆེའི་དངོས་སློབ་བྲག་གཡབ་བྱང་ཆུབ། སྡེ་གཞུང་ཆོས་འཕེལ། གསེར་ཁ་ཆོས་གྲགས། ཁུ་ཏིག་དགེ་བཤེས་ངག་དབང་ཕན་བདེ་སོགས་རིས་མེད་ཀྱི་མཁས་གྲུབ་དུ་མ་མཁན་པོར་གདན་དྲངས། དུས་འགྱུར་མ་བྱུང་བའི་བར་མི་ལོ་སུམ་ཅུའི་རིང་ལ་མཁན་པོ་འཇམ་དབྱངས་བློ་གྲོས། མཁན་ཆེན་འཆི་མེད་རྒྱ་མཚོ། བརྡ་སྤྲོད་མཁན་པོ་མི་ཉག་བུ་ཕྲུག སི་ཁུད་དགོན་མཁན་པོ་ངག་དབང་ཤེས་རབ། རྒན་པདྨ་རྒྱལ་མཚན། ཀརྨ་བ་ཕྲུག་སོགས་མི་ཉག་གི་ཕྱོགས་སུ་མཁས་པ་དུ་མ་འབྱུང་བའི་སྒོ་ལྟ་བུར་འགྱུར་ལ་ཉེ་བའི་ཚེ་རིག་གནས་གསར་བརྗེ་ཆེན་པོའི་སྐབས་དང་འཁེལ་ཏེ། གཞན་དང་གཅིག་མཚུངས་སུ་བཤད་གྲྭ་འདིའང་མིང་མེད་དུ་སོང་། བཤད་གྲྭ་འདི་ནི་མི་ཉག་སོག་དམག་གིས་བཅོམ་སྟེ་ཉམས་རྒུད་རྗེས་བཤད་གྲྭ་ཚད་ལྡན་ཚུགས་པའི་ཐོག་མའང་ཡིན་པ་མི་ཉག་མགོན་པོས་མཛད་པའི་གངས་དཀར་སྤྲུལ་སྐུའི་རྣམ་ཐར་ལས་བཤད། སླར་༡༩༩༨ ས་སྟག་ལོར་བཤད་གྲྭ་འདི་སླར་ཡང་བསྐྱར་གསོ་མཛད། |