55090
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བརྒྱད་པའི་ལྕགས་ཕག་ཕྱི་ལོ་ ༡༤༩༡ ལོར་མདོ་སྨད་མི་ཉག་གི་ཡུལ་དུ་འཁྲུངས། གཞོན་དུས་ནས་དབུས་སུ་ཕེབས། མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། སེར་སྨད་ཀྱི་འཆད་ཉན་པ་མཛད། ཞེ་དགུ་པ་རབ་བྱུང་དགུ་པའི་ས་ཕག་ཕྱི་ལོ་ ༡༥༣༩ ལོར་དགའ་ལྡན་གསེར་ཁྲིར་བཞུགས། གསེར་ཁྲི་ལོ་ངོ་བརྒྱད་རིང་བསྐྱངས། མདོ་སྔགས་འཆད་ཉན་མཛད། གཟིམས་ཁང་ཆེན་མོའི་ཤིང་རྩེ་ལྡེབས་བྲིས་གསར་བཞེངས་གནང་། བདེ་བ་ཅན་དུ་ཟུར་བཞུགས་གནང་། སྤྲས་རིན་ཆེན་ན་བྲག་གི་ཞལ་འཛིན་མཛད། རེ་བཞི་པ་རབ་བྱུང་དགུ་པའི་ཤིང་སྟག་ཕྱི་ལོ་ ༡༥༥༤ ལོར་སྐུ་གཤེགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་བཅུ་བདུན་པ་ཡིན། |