55092
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་དང་པོའི་ས་ཡོས་ཕྱི་ལོ་ ༡༠༣༨ ལོ་སུང་བྱང་མའི་རྒྱལ་རབས་ཀྱི་སྐབས། ཏང་ཞང་ཆང་ཞེས་པའི་མི་རིགས་ཀྱི་འགོ་དཔོན་ལི་ཡོན་ཧའོ་ཟེར་བས་སུང་བྱང་མའི་རྒྱལ་རབས་ལ་ངོ་ལོག་བྱས་ཏེ་རྨ་ཆུའི་སྐེད་རྒྱུད་དེང་སང་ཉིང་ཞ་ས་ཁུལ་དུ་མི་ཉག་གམ་ཤིས་ཞ་ཞེས་པའི་རྒྱལ་སྲིད་བཙུགས་ཏེ་རང་ཉིད་རྒྱལ་པོ་བྱས། རྒྱལ་པོ་འདི་ནས་མི་རབས་བཅུ་བྱུང་། ལོ་ངོ་བརྒྱ་དང་དགུ་བཅུའི་རྗེས། རབ་བྱུང་བཞི་པའི་མེ་ཕག་ཕྱི་ལོ ༡༢༢༧ ལོར་རྒྱལ་སྲིད་ཧོར་ཇང་གིར་རྒྱལ་པོའི་ལག་ཏུ་ཤོར། དེའི་གདུང་རྒྱུད་ལྷོ་ཕྱོགས་སུ་བསྐྱོད་དེ་མདོ་ཁམས་སྒང་དྲུག་གི་ནང་གསེས་མི་ཉག་སྟེ་དར་རྩེ་མདོའི་ནུབ་རྒྱུད་དུ་གཞིས་ཆགས་ནས་བསྡད། རྒྱ་སྐད་ཤིས་ཞ་ཞེས་པའི་སྒྲ་གདངས་དེ་བོད་སྐད་དུ་ཇི་བཞིན་མ་ཐོན་པར་ཟུར་ཆག་སྟེ་སི་ཧུའམ་སིའུ་ཞེས་གྲགས། སྐབས་དེའི་ཤིས་ཞ་རྒྱལ་ཁམས་ནི་བོད་སྐད་ལ་མི་ཉག་རྒྱལ་ཁམས་ཟེར། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། ཤར་ན་རྒྱ་ནག ལྷོ་ན་འཇང་། ནུབ་ན་བོད། བྱང་ཧོར་གྱིས་བཅད་པའི་དབུས་ནི་མི་ཉག་གི་རྒྱལ་ཁམས་ཡིན་ཞེས་གསུངས་པ་དེ་ཡིན་ནོ། ། |
| Domain | ལོ་རྒྱུས། |