55093
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སེང་གེ་དགོན་ནི་རྒྱབ་རི་སེང་གེ་འགྱིང་བ་ལྟ་བུ་ཞིག་ཡོད་པས་མིང་དེ་ལྟར་གྲགས་སོ། ཕྱི་ལོ་ ༩༧༠ ལོ་ལྷ་ལུང་དཔལ་གྱི་རྡོ་རྗེ་གནས་དེ་རུ་བྱོན་ནས་སྒྲུབ་གནས་མཛད། རི་ཁྲོད་འགའ་རེ་བཏབ། དེར་བཞུགས་ཀྱི་སྒྲུབ་པ་བ་རྣམས་ཆོས་ཀྱིས་ཚིམས་པར་བྱས་པ་དང་གནས་འདི་འཇམ་དཔལ་གྱི་གནས་ཡིན་གསུངས། ཕྱིས་སུ་རབ་བྱུང་བཞི་པའི་ས་ལུག་གི་ཕྱི་ལོ་ ༡༢༥༤ ལ་གྲུབ་ཆེན་ཀརྨ་པ་པཀྵིས་དགོན་བཏབ། ནང་དུ་ཀརྨ་པའི་སྐུ་འདྲ་གཙོས་རྟེན་གསུམ་མང་དུ་བཞེངས་ནས་ཆོས་བརྒྱུད་བཀའ་བརྒྱུད་དུ་བསྒྱུར། ཕྱིས་སུ་བཀའ་བརྒྱུད་ཀྱི་བསྟན་པ་ཅུང་ཟད་ཉམས་ཉེས་སུ་གྱུར། རབ་བྱུང་བཅུ་བཞི་ཕྱི་ལོ་ ༡༨༥༢ ནས་གཏེར་ཆེན་དེ་ཉིད་ལྕགས་ལ་རྒྱལ་པོའི་དབུ་བླར་གྱུར་ནས་ཐོབ་ཐང་ཀུན་གྱི་ཆེ་བའི་རྟགས་སུ་དགོན་པའི་སྟེང་དུ་གསེར་གྱི་རྒྱ་ཕིབས་ཤིན་ཏུ་མཛེས་པ་ཞིག་རྒྱལ་པོ་དེ་ཉིད་ཀྱིས་རོགས་དང་བཅས་ལེགས་པར་བཙུགས། ནགས་ལུང་མ་སྡེ་བ་ཡོངས་ཀྱིས་ཁྲལ་དང་འུ་ལག་གང་ཡང་མི་དགོས་པར་བླ་མ་དེ་ཉིད་ལ་ཞབས་ཏོག་གི་ཆེད་དུ་བཞག་པའི་ཁྲོ་ཟུར་ནས་ལུང་མ་བླ་མ་ལྷ་སྡེ་ཞེས་མིང་ཐོགས་པ་བྱུང་། དེའི་སྐབས་ནས་ཆོས་བརྒྱུད་རྙིང་མ་པ་ཀཿཐོག་དགོན་པའི་བུ་དགོན་དུ་གྱུར། དགུན་དུས་སུ་བླ་མ་འོད་གསལ་རྡོ་རྗེ། དོ་སྤྲུལ་ཅོག་སྟེང་། མཁར་བ་སྤྲུལ་སྐུ། ལྔ་བརྩེགས་བླ་མ་སོགས་ཀྱིས་རྩ་རླུང་དང་ཕྱག་རྫོགས་དབུ་གསུམ་གྱི་ཁྲིད་གནང་། དགོན་འདིའི་བླ་སྤྲུལ་རྣམས་ཀྱིས་སྐུ་ཐུགས་གསུང་རྟེན་མང་དུ་བཞེངས་ཀྱང་དུས་འགྱུར་སྐབས་སུ་ཐམས་ཅད་མིང་ཙམ་དུ་བཏང་། ཕྱི་ལོ་ ༡༩༨༤ ལོར་དགོན་པ་སླར་གསོ་བྱས་ནས་གཙུག་ལག་ཁང་རྟེན་དང་བཅས་ལེགས་པར་གྲུབ། སྔར་ལྟར་ལོ་དུས་ཀྱི་ཚོགས་མཆོད་འཆར་ཅན་གནང་གི་ཡོད། བླ་གྲྭ་ཡང་བརྒྱད་ཅུ་ནས་དགུ་བཅུའི་བར་ཡོད། |