55095

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་ཉག་སྐུ་ཕྲེང་གསུམ་པ་དཔལ་ལྡན་བསྟན་པའི་ཉི་མ་ (1)
Part of speech མིང་ཚིག
Definition འདི་བ་རབ་ཡིད་ས་ཡོས་ཕྱི་ལོ་ ༡༨༡༩ ལོར་མདོ་སྨད་མཚོ་སྔོན་པོར་གུ་ཤྲི་ཧན་གྱི་གདུང་རྒྱུད་ཇུན་ཝང་གི་སྲས་སུ་འཁྲུངས། དགུང་ལོ་བཅུ་གཉིས་པར་སྐུ་འབུམ་བྱམས་པ་གླིང་དུ་ཆོས་གྲྭ་ཞུགས་ཏེ་གཞུང་ཆེན་ཁག་ལ་སྦྱངས། རྒྱུད་པར་སྔགས་ལ་སྦྱངས། ཆུ་བཟང་བློ་བཟང་ཐུབ་བསྟན་རབ་རྒྱས་དང་ལྕང་སྐྱ་ཡེ་ཤེས་བསྟན་པའི་རྒྱལ་མཚན། རྗེ་གསེར་ཁང་པ་སོགས་སྐྱེས་ཆེན་མང་པོ་བསྟེན་ཏེ་དབང་ལུང་ཁྲི་གསུམ་དང་རིག་པའི་གནས་ཆེ་ཆུང་ཀུན་ལ་མཁས་པར་སྦྱངས། སྐུ་འབུམ་སྨན་པ་གྲྭ་ཚང་གི་ཁྲི་རབས་སོ་གཉིས་པ་དང་ཚོགས་ཆེན་ཁྲི་རབས་དྲུག་ཅུ་པ་གཉིས་ལ་བཞུགས། དགུང་ལོ་གྱ་གསུམ་པ་རབ་ཚེས་ལྕགས་གླང་ཕྱི་ལོ་ ༡༩༠༡ ལོར་ཁྲི་ཀའི་མི་ཉག་གྲྭ་ཚང་དུ་སྐུ་གཤེགས།